རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་རྒྱག་བཞིན་པའི་ཤུགས་རྐྱེན་སྐོར་ཁྱད་ལས་པ་ཚོས་ངོ་སྤྲོད་གནང་བ།

2023.11.09
རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་རྒྱག་བཞིན་པའི་ཤུགས་རྐྱེན་སྐོར་ཁྱད་ལས་པ་ཚོས་ངོ་སྤྲོད་གནང་བ། རྒྱ་ནག་གིས་ཡར་ཀླུང་གཙང་པོའི་ཐོག་ཆུ་རགས་རྒྱག་བཞིན་པའི་ཤུགས་རྐྱེན་དང་འབྲེལ་བའི་སྐོར་རྒྱལ་སྤྱིའི་ཁོར་ཡུག་ཆེད་ལས་པ་དང་ཉམས་ཞིབ་པར་བཀའ་འདྲི་ཞུས་པ།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ནོར་སྒྲོན།

ཡར་ཀླུང་གཙང་པོ་ནི་བོད་ཙམ་མ་ཟད། གཤམ་འོག་རྒྱ་གར་གྱི་ཨ་སམ་མངའ་ཁུལ་དང་། སྦང་ལ་དྷེཤ་བཅས་ཀྱི་ནང་མིའི་འཚོ་གནས་ཀྱི་ཐོན་ཁུངས་གཙང་ཆུ་གཙོ་ཆེན་ཞིག་ཆགས་ཡོད་པ་རེད། འོན་ཀྱང་གཙང་ཆུ་འདིའི་སྟེང་བོད་ནང་དུ་རྒྱ་ནག་གཞུང་གིས་ཆུ་རགས་ཆེན་པོ་རྒྱག་བཞིན་པའི་གནས་ཚུལ་འདི་ནི་གཤམ་འོག་ཡུལ་ལུང་ཁག་གི་ཞིང་པ་དང་ཉ་པ་སོགས་ལ་འབྱུང་བའི་གནོད་འཚེ་བྱུང་པའི་སྐབས་དཀའ་ཚེགས་ཆེན་པོ་བཟོ་བཞིན་ཡོད་པ་ཁྱད་ལས་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འདི་འབྲེལ་རྒྱལ་སྤྱིའི་ཁོར་ཡུག་ཆེད་ལས་པ་དང་ཉམས་ཞིབ་པ་བཅས་ལ་བཀའ་དྲི་ཞུས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་དཔལ་མོ་ལགས་ཀྱིས་དམིགས་བསལ་ཕྱོགས་སྒྲིག་ཞུས་པའི་ལས་རིམ་ཞིག་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་དཔལ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎