༢༠༠༨ དང་ ༢༠༢༢ ལོའི་པེ་ཅིང་ཨོ་རྩེད་དང་བོད་ཀྱི་གནས་སྟངས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། མགོ་ལོག་འཇིགས་མེད་ལགས་རྣམ་པ་གཉིས་ནས་རང་དབང་ལུང་པར་བོད་ཀྱི་རྒྱལ་དར་འཕྱར་བཞིན་པ།
བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། མགོ་ལོག་འཇིགས་མེད་ལགས་རྣམ་པ་གཉིས་ནས་རང་དབང་ལུང་པར་བོད་ཀྱི་རྒྱལ་དར་འཕྱར་བཞིན་པ། (མགོ་ལོག་འཇིགས་མེད་ལགས་ཀྱི་ངོ་དེབ།)

0:00 / 0:00

ཐེངས་འདིའི་གངས་ལྗོངས་གླེང་སྟེགས་ཀྱི་སྐབས་སུ་བབ་པའི་གླེང་བྱ་ནི། ༢༠༠༨ལོའི་པེ་ཅིང་དབྱར་ཀའི་ཨོ་རྩལ་འགྲན་ཚོགས་མ་འཚོགས་གོང་གི་བོད་ཀྱི་གནས་སྟངས་དང་། རྗེས་སུ་ཇེ་ཡག་ཇེ་སྡུག་གང་ལ་ཕྱིན་པ། དེ་ནས ༢༠༢༢ ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་ཀྱི་བོད་ཀྱི་གནས་སྟངས། དེ་མིན་མ་འོངས་པར་བོད་ཀྱི་གནས་སྟངས་ཇེ་བཟང་དུ་འགྲོ་མིན་སོགས་ཀྱི་ཐད། ནུབ་ཕྱོགས་རྒྱལ་ཁབ་ཁག་ན་གྲགས་ཆེ་བའི་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་དེ་བཟོ་ཆེད། ༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་སྔོན་དུ། བོད་མིའི་འདོད་བློ་ངོ་མ་འཚོལ་གྲུབ་བྱེད་མཁན་བོད་ཀྱི་ཆབ་སྲིད་བཙོན་ཟུར་དོན་གྲུབ་དབང་ཆེན་ལགས་དང་། མགོ་ལོག་འཇིགས་མེད་ལགས་རྣམ་པ་གཉིས་དང་མཉམ་དུ་བགྲོ་གླེང་བྱེད་རྒྱུ་ཡིན།
གསར་འགོད་པ། སྟག་ལྷ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།