བོད་ནག་ཆུ་ཁུལ་དུ་རླུང་འཚུབ་ཀྱི་གོད་ཆག་བྱུང་བ།

2023.02.22
བོད་ནག་ཆུ་ཁུལ་དུ་རླུང་འཚུབ་ཀྱི་གོད་ཆག་བྱུང་བ། ཉེ་ལམ་བོད་ཀྱི་ལོ་གསར་སྔོན་དུ་བོད་ནག་ཆུ་ས་ཁུལ་དུ་རྒྱུན་གཏན་ལྟར་མ་ཡིན་པའི་རླུང་འཚུབ་ཤུགས་ཆེ་རྒྱག་ནས་མི་སྐྱོན་བྱུང་མིན་གནས་ཚུལ་གསལ་ཁ་མེད་ཀྱང་རླངས་འཁོར་སོགས་རྒྱུ་དངོས་ལ་གོད་ཆག་ཆེན་པོ་ཕྲད་འདུག
རྡོ་རྗེ་དགྲ་འདུལ།

ཉེ་ལམ་བོད་ཀྱི་ལོ་གསར་སྔོན་དུ་བོད་ནག་ཆུ་ས་ཁུལ་དུ་རྒྱུན་གཏན་ལྟར་མ་ཡིན་པའི་རླུང་འཚུབ་ཤུགས་ཆེ་རྒྱག་ནས་མི་སྐྱོན་བྱུང་མིན་གནས་ཚུལ་གསལ་ཁ་མེད་ཀྱང་རླངས་འཁོར་སོགས་རྒྱུ་དངོས་ལ་གོད་ཆག་ཆེན་པོ་ཕྲད་འདུག
རླུང་འཚུབ་རྒྱག་པའི་སྐབས་སུ་མུན་པ་རུབ་ནས་མི་རྣམས་ཀྱི་སེམས་ཁམས་ལ་སྔར་མེད་པའི་སྡུག་བསྔལ་དང་དངངས་སྐྲག་ཆེན་པོ་ཞིག་སྐྱེས་གཞིར་གྱུར་ཡོད་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བ་གཞིགས་ན། སྤྱི་ཟླ་༢པའི་ཚེས་༨ནས་བཟུང་ཉིན་འགའ་ཤས་རིང་། ནག་ཆུ་གྲོང་ཁྱེར་ལ་རླུང་དམར་བརྒྱབ་ནས་ཕྱོགས་ཡོངས་ནས་མི་དམངས་ཀྱི་འཚོ་བའི་ཐད་ཧ་ཅང་གི་དཀའ་ངལ་ཆེན་པོ་བཟོས་ཡོད་འདུག ནག་ཆུ་གྲོང་ཁྱེར་ལ་ཁང་པ་དང་རླངས་འཁོར་གཏོར་སྐྱོན་ཐེབས་ཡོད་པ་དང་། ཡང་འབྲོག་སྡེ་ཁག་ལ་སྡོད་ཁང་དང་སྒོ་ཟོག་སེམས་ཅན་སོགས་ལ་གོད་ཆག་ཤོར་བ། རླུང་འཚུབ་དེས་གྲོང་ཁྱེར་དང་། གྲོང་བརྡལ་གྲོང་གསེབ་བཅས་ས་ཁུལ་ཁྱོན་ཡོངས་ལ་གནོད་རྐྱེན་ཆེན་པོ་བཏང་ཡོད་པ་རེད། ནག་ཆུ་ས་གནས་གྱི་རྒྱ་གཞུང་གི་བརྒྱུད་ལམ་ཐོག་དོན་རྐྱེན་དེའི་སྐོར་ཕྲན་བུ་བཀོད་ཡོད་ཀྱང་། གཞུང་གིས་རླུང་འཚུབ་ཡོང་གིན་ཡོད་པའི་སྔོན་ནས་ཉེན་བརྡ་བཏང་བ་རིག་གང་ཡང་བྱུང་མེད་ཅིང་། ད་ཆ་གོད་ཆག་ཕྲད་མཁན་ཚོར་གཞུང་གིས་གུན་གསབ་དང་མྱུར་སྐྱོབ་ཀྱི་ལས་དོན་སྤེལ་བ་སོགས་བྱུང་མིན་ཐད་གནས་ཚུལ་ཁ་གསལ་མེད་པ་རེད། རླུང་འཚུབ་རྒྱག་ནས་མི་དམངས་ལ་དཀའ་ངལ་ཕྲད་པའི་དོན་རྐྱེན་དང་འབྲེལ། ཕྭ་རི་སི་གནས་བཞུགས་ཕ་ཡུལ་ནག་ཆུ་ནས་ཡིན་པ་བློ་བཟང་ལགས་སུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པའི་ལེ་ཚན་དུམ་བུ་དང་པོ་དང་།
ཡང་དུམ་བུ་གཉིས་པའི་ནང་ཆབ་སྲིད་བཙོན་ཟུར་དགའ་ལྡན་གྲྭ་བག་གྲོགས་ལགས་ཀྱིས་བོད་ཀྱི་ལོ་རྒྱུས་ཕྱོགས་བསྒྲིགས་བྱེད་པའི་གནད་འགག་གི་སྐོར་བཅས་བགྲོ་གླེང་ཞེས་པ་ལེ་ཚན་དུམ་བུ་ཁག་གཉིས་སོ་སོར་གཤམ་དུ་ཕྱོགས་བསྒྲིགས་བྱེད་པ་དེ་གསན་རོགས་ཞུ།།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎