འབྲས་སྤུངས་ཀྱི་དགེ་འདུན་པ་ ༢༡ གིས་རྒྱ་གཞུང་ལ་ངོ་རྒོལ་གནང་ནས་ལོ་༣༣་འཁོར་བ།


2020.09.26
བྲས་སྤུངས་ཀྱི་དགེ་འདུན་པ་ ༢༡ གིས་རྒྱ་གཞུང་ལ་ངོ་རྒོལ་གནང་ནས་ལོ་༣༣་འཁོར་བ། ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་འབྲས་སྤུངས་ཀྱི་དགེ་འདུན་པ་ ༢༡ གིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་རྔམ་སྟོན།
པར་ཚགས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཕྱི་ཟླ་ ༩ ཚེས་ ༢༧ ཉིན་མོ་འདི་བཞིན་ ༡༩༨༧ ལོར་བོད་ཀྱི་རྒྱལ་ས་ལྷ་སར་གདན་ས་འབྲས་སྤུངས་ཀྱི་དགེ་འདུན་པ་ ༢༡ གིས་རྒྱ་ནག་གཞུང་གི་དྲག་པོའི་སྲིད་བྱུས་ལ་རྔམ་སྟོན་དང་བོད་རང་བཙན་གྱི་འབོད་སྒྲ་གྱེར་ནས་ལྷ་སའི་བར་བསྐོར་ནང་གཅིག་མཇུག་གཉིས་མཐུད་ཀྱི་ལས་འགུལ་རིམ་པར་འགོ་ཚུགས་ནས་ད་ཆ་བགྲང་བྱ་ ༣༣ འཁོར་བ་དང་བཙན་བྱོལ་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཚོགས་པ་དགུ་བཅུ་གསུམ་དབུ་བརྙེས་ཏེ་བགྲང་བྱ་ ༢༩ འཁོར་བ་བཅས་ཀྱི་དུས་ཚིགས་དང་བསྟུན།   ལོ་ངོ་ ༣༣ ཡར་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་དགུ་བཅུ་གསུམ་གྱི་ལས་འགུལ་ཐོག་མར་བྱུང་བའི་སྐབས་དེའི་གནས་སྟངས་དང་ལས་འགུལ་འདི་གྲ་སྒྲིག་དང་མཇུག་འབྲས་བཅས་པར་བསྐྱར་ཞིབ་ཞུ་སླད།  རྡ་རམ་ས་ལ་ནས་བོད་ཀྱི་དགུ་བཅུ་གསུམ་ཆབ་སྲིད་བཙོན་ཟུར་ཚོགས་པའི་ཚོགས་གཙོ་ངག་དབང་ཁྲི་རལ་ལགས་དང་།  ཨ་རིའི་སྦོས་ཊོན་ནས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དགའ་ལྡན་ཚེ་རིང་ལགས་གཉིས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎