ལོ་རབས་དྲུག་བཅུའི་ནང་བོད་ལ་ཐོན་པའི་ངོ་རྒོལ་གྱི་ལས་འགུལ།
2018.10.30
༄༅། །ཐེངས་འདིའི་གཏམ་གླེང་ཞལ་པར་ལེ་ཚན་ནང་བོད་ཀྱི་དབུས་གཙང་དང་མདོ་སྟོད་སྨད་ཁུལ་དུ་རིག་གནས་གསར་བརྗེའི་ལས་འགུལ་འདི་ཚ་ཚ་འུར་འུར་ངང་སྤེལ་བའི་སྐབས་དེར། བོད་ཀྱི་ས་ཁུལ་མང་པོའི་མང་ཚོགས་ཁྲོད་བསམ་བློའི་ཐོག་དང་འཚོ་བའི་ཐོག་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་དེ་རྫོང་ཁག་མང་པོའི་ནང་རིག་གནས་གསར་བརྗེའི་ལས་འགུལ་གྱི་ངོ་བོར་འགྱུར་བ་ཕྱིན་ནས་མཐར་རྒྱ་ནག་གཞུང་དང་ས་གནས་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཆུང་མང་པོ་ཐོན་ཡོད་པས། ངོ་རྒོལ་གྱི་ལས་འགུལ་ཐོག་མར་བྱུང་རིམ་དང་མཐར་རྒྱ་ནག་གཞུང་གི་མཚོན་ཆའི་ཁྲོད་ནས་བོད་མི་ཧ་ཅང་མང་པོའི་ཚེ་སྲོག་ཤོར་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཁག་སྒྲོལ་དཀར་ལགས་ཀྱིས་ཕྱིར་དྲན་ཞུས་པ་ཞིག་ལ་གསན་རོགས་གནང་།།
གསར་འགོད་པ་སྒྲོལ་དཀར།