༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་དང་སྐབས་དེ་དུས་ཀྱི་བོད་ཀྱི་ཆབ་སྲིད་གནས་སྟངས།

2022.02.12
༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་དང་སྐབས་དེ་དུས་ཀྱི་བོད་ཀྱི་ཆབ་སྲིད་གནས་སྟངས། ༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག
༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག

ཕྱི་ལོ་ ༡༩༡༣ ཟླ་ ༢ ཚེས་ ༡༣ ཉིན་༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག་གིས། བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་དེ་མུར་གནས་ཡོད་པ་ཆུ་གླང་རྩ་ཚིག་གི་དོན་ཚན་ལྔ་ཅན་གསལ་བསྒྲགས་བསྐྱངས་པའི་ནང་གསལ་བཟོས་མཛད་དེ་བོད་དུ་དྲག་པོའི་སྒྲིག་འཛུགས་ལ་ལེགས་བཅོས་དང་། ཤོག་དངུལ། གསེར་དངུལ་གྱི་ཊམ་ག སྦྲག་ཐམ། སྦྲག་རྟགས་བཅས་དེང་རབས་རྒྱལ་ཁབ་ཅིག་ལ་དགོས་ངེས་ཀྱི་ཆ་རྐྱེན་མ་ལག་ཁག་ཅིག་གསར་གཏོད་མཛད་དེ་བགྲང་བྱ་ ༡༠༩ འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། བཞུགས་སྒར་རྡ་རམ་ས་ལའི་འདབས་སུ་ཆགས་པའི་ས་རྭ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་དང་ལྷན་སྐབས་དེར་བོད་ཀྱི་ཆབ་སྲིད་ཀྱི་གནས་བབས་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎