དམག་སྒར ༢༢ པའི་ལོ་རྒྱུས་བྱུང་རབས།
དམག་སྒར ༢༢ པའི་ལོ་རྒྱུས་བྱུང་རབས་དང་། དེའི་ཁྱད་ཆོས་དང་བྱེད་ནུས་སོགས་ངོ་སྤྲོད། དེ་མིན་ཉི་མ་བསྟན་འཛིན་ལགས་ཀྱིས་ཚེ་སྲོག་བློས་བཏང་བའི་རིན་ཐང་།
-
2020-09-25 -
-
-
ཉི་མ་བསྟན་འཛིན་ལགས་ཀྱིས་ཚེ་སྲོག་བློས་བཏང་བར་ཆེ་བསྟོད་ཀྱི་སྦྱར་པང་།
སྤྱི་ཚོགས་དྲ་ལམ།
Your browser doesn’t support HTML5 audio
ཐེངས་འདིའི༼གངས་ལྗོངས་གླེང་སྟེགས༽ཀྱི་ནང་དུ། སྤྱིར་བཏང་རྒྱ་དཀར་ནག་གི་ས་མཚམས་འགལ་ཟླའི་སྐོར་གླེང་མོལ་བྱེད་རྒྱུ་དང་། བྱེ་བྲག་ཏུ་དམག་སྒར ༢༢ པའི་ལོ་རྒྱུས་བྱུང་རབས་དང་། དེའི་ཁྱད་ཆོས་དང་བྱེད་ནུས་སོགས་ངོ་སྤྲོད། དེ་མིན་ཉི་མ་བསྟན་འཛིན་ལགས་ཀྱིས་ཚེ་སྲོག་བློས་བཏང་བའི་རིན་ཐང་དང་རྒྱ་གར་གཞུང་དམངས་གཉིས་གས་སྔར་བྱུང་མ་མྱོང་བའི་བོད་ལ་དོ་སྣང་གསར་བ་ཞིག་བྱེད་བཞིན་པའི་སྒང་ལ། བོད་གཞུང་དམངས་གཉིས་ལ་གོ་སྐབས་འཛིན་རྒྱུ་ཅི་ཞིག་ཡོད་པ་སོགས་ཀྱི་ཐད་ནས་མི་ལོ ༡༣ རིང་གི་དྭང་ཞབས་དམག་མིའི་ཉམས་མྱོང་ཅན་རྟ་མང་ཚང་ཚེ་ཁོ་ལགས། རྒྱ་གར་གྱི་སྤྱི་ཚོགས་ལ་རྒྱུས་མངའ་ཆེ་བའི་ཚེ་རིང་དོན་འགྲུབ་དང་མཉམ་དུ་སྟག་ལྷ་རྒྱལ་གྱིས་བགྲོ་གླེང་ཞུས་པ་གསན་རོགས་གནང་།