བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༣༨པ།
གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༣༨པ་དེའི་ཐོག་༧བྱམས་མགོན་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དངོས་སུ་དབུ་བཞུགས་ཀྱིས་ཐུགས་སྨོན་གནང་ཐུབ་ཡོད་པ།
- 2024-01-31
-
-
-
Your browser doesn’t support HTML5 audio
འདི་ལོ་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་༣༨པ་དེའི་ཐོག་༧བྱམས་མགོན་༧ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེ་མཆོག་དངོས་སུ་དབུ་བཞུགས་ཀྱིས་ཐུགས་སྨོན་གནང་ཐུབ་ཡོད་པ་མ་ཟད་ཉིན་བཅུ་གྲངས་ཀྱི་སྨོན་ལམ་འཚོགས་རྗེས་ཕྱི་ཚེས་༢༥ཉིན་མཇུག་བསྡོམས་སྐབས་སུ་༧དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དབུ་བཞུགས་ཐོག་དམིགས་བསལ་བཀའ་སློབ་ཀྱང་སྩལ་གནང་ཡོད་པ་སོགས་ནམ་རྒྱུན་ལྟར་མ་འདྲ་བ་འདི་ལོ་དམིགས་བསལ་ཞིག་བྱུང་ཡོད་པ་རེད།དེ་རིང་ཁ་བའི་གྲོས་རྭ་ལེ་ཚན་ནང་འདི་ལོ་བཀའ་བརྒྱུད་སྨོན་ལམ་ཐོག་རྒྱ་གར་དང་བལ་ཡུལ་དེ་བཞིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་དགོན་སྡེ་ཁག་དང་དད་ལྡན་པ་ཇི་ཙམ་མཉམ་ཞུགས་བྱེད་མཁན་བྱུང་ཡོད་པའི་སྐོར་དང་།དེ་བཞིན་ཆོས་བརྒྱུད་ཁག་གཞན་གྱིས་གནས་མཆོག་རྡོ་རྗེ་གདན་དུ་སྨོན་ལམ་ཡང་གཅིག་རྗེས་གཉིས་མཐུད་འཚོགས་ཡོད་པ་བརྟེན་།ཕྱོགས་ཡོངས་ནས་ས་གནས་མི་དམངས་དང་སྤྱི་ཚོགས་ལ་ཕན་བདེ་ཇི་ལྟར་སྐྲུན་ཐུབ་པའི་སྐོར་བཀའ་བརྒྱུད་སྨོན་ལམ་གོ་སྒྲིག་ཚོགས་ཆུང་གི་ལས་བྱེད་མཁན་པོ་ཀརྨ་ཚེ་བརྟན་ལགས་དང་ལྷན་དུ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་བཀའ་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།