རྡ་རམ་ས་ལའི་གློག་བརྙན་དུས་སྟོན་དང་དེའི་ཤུགས་རྐྱེན།
2022.11.03
རྡ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༡པ་དང་འབྲེལ། དུས་སྟོན་དེའི་བོད་མིའི་སྤྱི་ཚོགས་ཙམ་མ་ཟད། རྒྱ་གར་ནང་དུའང་རང་དབང་ཅན་གྱི་གློག་བརྙན་བཟོ་བསྐྲུན་གྱི་སྒྱུ་རྩལ་དར་སྤེལ་ཐོག་ཤུགས་རྐྱེན་ཇི་ཐེབས་བཅས་ཀྱི་སྐོར་དུས་སྟོན་གོ་སྒྲིག་ཞུ་མཁན་བསྟན་འཛིན་བསོད་ནམ་ལགས་སུ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པ་མི་རིགས་གསར་པའི་ལེ་ཚན་ཞུ་བ་དང་།
ཡང་བོད་དང་རྒྱལ་སྤྱིའི་གནས་བབ་ཅེས་པའི་ལེ་ཚན་ནང་། བོད་མིས་བཟོས་པའི་གློག་བརྙན་གྱི་གནས་བབ་སྐོར་ཡེ་ཤེས་ཟླ་བ་ལགས་ཀྱིས་འབྲེལ་ཡོད་ལ་བཅར་འདྲི་ཞུས་པའི་ལེ་ཚན་བཅས་གསན་རོགས་གནང་།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ། ཡེ་ཤེས་ཟླ་བ་།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།