བོད་རིགས་ཡོངས་ནས་རང་གི་སྲོག་ཤིང་དུ་གྱུར་པའི་སྐད་ཡིག་དེ་མ་བརླག་པར་བདག་པོ་རྒྱག་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་བ།།

2024.01.22
བོད་རིགས་ཡོངས་ནས་རང་གི་སྲོག་ཤིང་དུ་གྱུར་པའི་སྐད་ཡིག་དེ་མ་བརླག་པར་བདག་པོ་རྒྱག་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་བ།། ལོ་ན་༡༣་ལ་སོན་པའི་ཡོན་ཚང་ཡང་སྐྱར་སྒྲོལ་མ།
ཡོན་ཚང་ཡང་སྐྱར་སྒྲོལ་མ།

བཙན་བྱོལ་དུ་ཡོད་པའི་བོད་རིགས་རྒན་བྱིས་ན་གཞོན་ཡོངས་ནས་རང་གི་སྲོག་ཤིང་དུ་གྱུར་པའི་སྐད་ཡིག་དེ་མ་བརླག་པར་བདག་པོ་རྒྱག་རྒྱུ་འདི་གལ་འགངས་ཆེན་པོ་ཡིན་པ། ལོ་ན་༡༣་ལ་སོན་པའི་ཡོན་ཚང་ཡང་སྐྱར་སྒྲོལ་མ་ལགས་ཀྱིས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། ཡང་སྐྱར་སྒྲོལ་མ་ལགས་ཀྱིས་ཁོང་གི་པཱ་ལགས་ཀྱི་ལམ་སྟོན་འོག་ལོ་ན་༡༠་ནས་བཟུང་ཚིགས་བཅད་སྙན་ངག་འབྲི་རྒྱུའི་ཐད་སྦྱོང་བརྡར་གནང་སྟེ། ད་ལྟའི་ཆར་དེབ་གཉིས་བརྩམས་ཟིན་པའི་སྐོར་དང་། ཁོང་གི་ཕུགས་ཀྱི་དམིགས་ཡུལ། ཚིགས་བཅད་སྙན་ངག་གི་དགའ་ཕྱོགས་སོགས་ཀྱི་ཐད་ལ་གསར་འགོད་པ་སྒྲོལ་མ་ལྷ་མོ་ལགས་ཀྱིས་ཁོང་ལ་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་།
གསར་འགོད་པ། སྒྲོལ་མ་ལྷ་མོ།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎