རི་འཛེགས་པ་ངག་དབང་མགོན་པོ་ལཌ་འདས་གྲོངས།

༡༩༥༣ལོར་ཨེདྲི་མེན་ཧི་ལ་རི་ཇོ་མོ་གླང་མར་རི་འཛེགས་སྐྱེལ་མ་སྐབས་ལོ་ན་ཆུང་ཤོས་ཡིན་པ་ངག་དབང་མགོན་པོ་ལགས་འདས་གྲོངས་ཕྱིན་འདུག

༄༅༎༡༩༥༣ལོར་ཨེདྲི་མེན་ཧི་ལ་རི་Sir Edmund Hillary རི་བོ་ཇོ་མོ་གླང་མར་་རི་འཛེགས་སྐྱེལ་མ་སྐབས་དེར་ལོ་ན་ཆུང་ཤོས་ཡིན་པ་ངག་དབང་མགོན་པོ་ལགས་ལོ་གྲངས་༧༩ཐོག་ ཁ་ས་རྒྱ་གར་རྡོར་རྗེ་གླིང་དུ་འདས་གྲོངས་ཕྱིན་འདུག།

དེ་སྔ་༡༩༣༥ལོར་ཧི་ལ་རི་དང་མཉམ་དུ་འཛམ་གླིང་ནང་གི་གངས་རི་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་བོད་རིགས་བསྟན་འཛིན་ནོར་རྒྱས་ལགས་ཀྱང་མཉམ་འཛེགས་གནང་ཡོད་པ་ལྟར། སྐབས་དེ་དུས་ངག་དབར་མགོན་པོ་ལགས་ལོ་༢༡ལ་མ་གཏོགས་སླེབས་མེད་པ་དང༌། ཁོང་ནི་བསྟན་འཛིན་ནོར་རྒྱས་ཀྱི་ཚ་བོ་ཡིན་པ་རེད། དེ་རྗེས་༡༩༥༣ལོར་ཁོང་གིས་ཇོ་མོ་གླང་མའི་རི་རྩེར་བསྐྱར་དུ་སླེབས་རྒྱུའི་འབད་བརྩོན་གནང་ཡོད་པར་དོན་འབྲས་སོན་མེད་ནའང༌། ལོ་བཅུའི་རྗེས་༡༩༦༥ལོར་ཇོ་མོ་གླང་མའི་རི་རྩེར་འཛེགས་བསྐྱོད་ཐུབ་ནས་ཁོང་རི་དེའི་རྩེ་མོར་ཐེངས་གཉིས་འཛེགས་བསྐྱོད་བྱེད་མཁན་འཛམ་གླིང་ནང་ནས་རི་འཛེགས་པ་ཨང་དང་པོ་དེ་ཆགས་ཡོད་པ་རེད།

ངག་དབང་མགོན་པོ་ལགས་ཀྱི་སྐྱེས་ཡུལ་བོད་ཡིན་པ་དང༌། ཁོང་གི་ནང་མི་ཚོ་བལ་ཡུལ་ལ་གནས་སྤོས་བྱས་རྗེས་མཐར་རྒྱ་གར་ཤར་ཕྱོགས་ རྡོར་རྗེ་གླིང་དུ་གཞིས་ཆགས་གནང་ཡོད་པ་རེད། ངག་དབང་མགོན་པོ་ལགས་འདས་གྲོངས་ཕྱིན་པ་དེ་ནི་གངས་རི་འཛེགས་མཁན་སྤྱི་ཚོགས་ལ་གྱོང་གུན་ཆེན་པོ་ཞིག་ཡིན་ནའང༌། ཁོང་དང་རྒྱུས་འདྲིས་ཆེན་པོ་ཡོད་མཁན་ཚོས་དུས་རྟགས་ཏུ་ཁོང་ལ་དྲན་གསོ་བྱ་རྒྱུ་ཡིན་སྐོར་ བལ་ཡུལ་རི་འཛེགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ཨང་ཚེ་རིང་ཤར་པས་འགྲེལ་བརྗོད་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org