འཛམ་གླིང་ནང་ནས་ཡིད་སྨོན་བསྔགས་བརྗོད་ཞུ་ཡུལ་གྱི་མི་སྣ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ནས་ཡིད་སྨོན་བསྔགས་བརྗོད་ཞུ་ཡུལ་མི་སྣ་མཐོ་གྲས་བཅུའི་ནང་མཚན་འདོན་ཞུས་འདུག

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་འཛམ་གླིང་ནང་ནས་ཡིད་སྨོན་བསྔགས་བརྗོད་ཞུ་ཡུལ་མི་སྣ་མཐོ་གྲས་བཅུའི་ནང་མཚན་འདོན་ཞུས་འདུག ཡུ་གོཝ་དྲ་ཚིགས།

དེ་ཡང་ཨ་མེ་རི་ཀའི་Newsweek ཞེས་པའི་དུས་དེབ་ཀྱིས་ཁ་ས་ཕྱི་ཚེས་༢༥ཉིན་གནས་ཚུལ་སྤེལ་དོན་ལྟར་ན།        YouGovཞེས་པའི་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་མཁན་གྱིས་འདི་ལོའི་ཕྱི་ཟླ་དང་པོ་ནས་གསུམ་པ་བར་རྒྱལ་ཁབ་མི་འདྲ་བ་༤༢་ཀྱི་མི་མང་༤༥༠༠༠(བཞི་ཁྲི་ལྔ་སྟོང་)ལ་འཛམ་གླིང་ནང་གི་དབུ་འཁྲིད་སྐྱེས་པ་དང་བེུད་ཡིད་སྨོན་བསྔགས་བརྗོད་ཆེན་པོ་ཞུ་ཡུལ་སུ་ཡིན་མིན་བསམ་ཚུལ་བསྡུ་ལེན་གནང་ཡོད་པ་དང་ཡང་མི་མང་བསམ་ཚུལ་བསྡུ་ལེན་ཐེངས་གཉིས་པའི་སྐབས་སུ་འཛམ་གླིང་ནང་གི་སྐྱེས་པ་༢༠་དང་བེུད་༢༠་མཚན་གཞུང་བཏོན་ནས་གནས་འདྲི་ཞུས་པ་དེ་བཞིན་ཟླ་བ་འདིའི་ནང་མཇུག་བསྒྲིལ་གནང་ཟིན་ཙམ་ཡིན་སྟབས། འཛམ་གླིང་ནང་གི་སྐྱེས་པ་དབུ་འཁྲིད་ཚོའི་ཁོངས་ནས་ཡིད་སྨོན་བསྔགས་བརྗོད་ཆེ་ཤོས་ཞུ་ཡུལ་ཨང་དང་པོ་དེ་ནི་ཨ་རིའི་སྲིད་འཛིན་ཟུར་པ་Barack Obama ཡིན་པ་དང་བེུད་ཁོངས་ནས་སྔ་ལོ་དང་མཚུངས་པར་ཨ་རིའི་སྲིད་འཛིན་ཟུར་པ་Obamaའི་སྐུ་ཟླ་Michelle Obama རང་འཇགས་གནས་འདུག  བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨང་བརྒྱད་པར་མཚན་འདོན་ཞུས་འདུག་ ཨ་རིའི་ལས་ཐོག་སྲིད་འཛིན་ཌོ་ཎལ་ཊྲམ་མཆོག་ཨང་གྲངས་༡༥པ་དང་དེ་ནི་སྔ་ལོ་རྕིས་པ་ཡིན་ན་ཨང་གྲངས་གཅིག་གི་མར་ཆགས་འདུག ཨ་རིའི་སྲིད་འཛིན་ཊྲམ་མཆོག་ལ་ཨ་རིའི་ནང་བསྔགས་བརྗོད་ཆེན་པོ་ཞུ་ཡི་ཡོད་ནའི་ཨ་རིའི་ནང་ལ་ཡང་ཨང་གྲངས་གཉིས་པ་དེ་ཡིན་པ་དང་ལྷོ་ཨ་ཕེ་རི་ཀ་དང་ཝེཏ་ནམ་གཉིས་ནང་ཁོང་ཨང་གྲངས་གསུམ་པ་དང་རྒྱལ་ཁབ་གཅིག་རང་ཁོང་ནང་ཨ་རིའི་སྲིད་འཛིན་ཟུར་པ་Obama་འི་སྔོན་ལ་མཚན་འདོན་གནང་སའི་རྒྱལ་ཁབ་གཅིག་པུ་དེ་ནི་ར་ཤི་ཡ་ཡིན་པ་དང་། དེར་ཊྲམ་མཆོག་ཨང་གྲངས་༡༡་དང་ཨོ་བྷ་མཆོག་ཨང་གྲངས་༡༥་པ་དེ་ཡིན་འདུག  ཡང་ར་ཤི་ཡའི་སྲིད་འཛིན་Vladimir Putin མཆོག་ཨང་གྲངས་༡༢་པ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨང་གྲངས་གསུམ་པ།  རྒྱ་གར་གྱི་སྲིད་བློན་Narendra Modi མཆོག་ཨང་གྲངས་བཞི་པ་དང་རྐང་རྩེད་སྤོ་ལོའི་རྩེད་འགྲན་པ་གྲགས་ཅན་Christina Ronaldo ཨང་དྲུག་པ་དང་དེ་བཞིན་Lionel Messi ཨང་༡༡་པ་དེ་རེད་འདུག ཡང་བེུད་ཁོངས་ནས་ཨང་གཉིས་པ་དེ་ཨ་རིའི་གློག་བརྙན་འཁྲབ་བསྟོན་པ་གྲགས་ཅན་Angelina Jolie དང་Oprah Winfrey ཨང་བཞི་པ་་Jennifer Lopez ཨང་གྲངས་ལྔ་པར་མིང་བཏོན་གནང་ཡོད་པའི་གནས་ཚུལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org