རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་གཙོའི་བཟའ་ཟླ་ནས་ཕ་རན་སིའི་ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བཞིན་པ།

རྒྱ་གཞུང་གིས་དོ་དམ་བཀག་ཉར་བྱེད་བཞིན་པའི་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་གཙོའི་བཟའ་ཟླ་ནས་France ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བཞིན་ཡོད་པ།

༢༠༡༨།༡༠།༧། རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་གཙོའི་མེང་ ཧུང་ཝེའི་བཟའ་ཟླ གེ་རེསི་ནས་གསར་འགོད་པར་སྐད་ཆ་བཤད་པ། ཨེ་ཨེཕ་པི།

༄༅། །ཉེ་ཆར་ཕྱི་ཟླ་དགུ་པ་ནས་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱེད་བཞིན་པའི་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་གཙོའི་བཟའ་ཟླ་དང་ཕྲུ་གུ་མཚེ་མ་གཉིས་པོ་France ནང་ཆབ་སྲིད་ཀྱི་སྐྱབས་བཅོལ་ཞུ་བཞིན་ཡོད་པའི་སྐོར་གནས་ཚུལ་ཐོན་འདུག
དེ་ཡང་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་གཙོ་ མེང་ ཧུང་ཝེ( Meng Hongwei)
རྒྱ་ནག་ཏུ་བསྐྱོད་པའི་སྐབས་གར་སོང་མེད་པར་གྱུར་བ་དང་། ཕྱི་ཟླ་བཅུ་པའི་ནང་རྒྱ་ནག་གི་དཔོན་རིགས་ནས། མེང་ ཧུང་ཝེ (Meng Hongwei) ལྐོག་ངན་ལེན་པའི་དོགས་གཞིའི་གནད་དོན་ཐོག་འདྲི་རྩད་བྱེད་བཞིན་ཡོད་པའི་སྐོར་བཤད་ཡོད་པ་རེད།
མེང་ ཧུང་ཝེ (Meng Hongwei) ཡི་བཟའ་ཟླ་ གེ་རེསི་ མེང(Grace Meng) དང་ལོ་བདུན་ལ་སླེབས་པའི་ཕྲུ་གུ་མཚེ་མ་གཉིས་པོ་ ཕ་རན་སི(France) ཡི་གྲོང་ཁྱེར་Lyon ནང་བསྡོད་ཀྱི་ཡོད་པ་དང་། ཁོང་ལ་འཇིགས་སྐུལ་གནས་ཚུལ་འབྱོར་བཞིན་ཡོད་པར་བརྟེན་ནས་ཉེན་རྟོག་པའི་སྲུང་སྐྱོབ་འོག་ཏུ་གནས་ཡོད་པ་རེད།
ཁོང་གིས་བཤད་དོན་ལ། ཁོང་ཚོས་ང་བཙན་ཁྲིད་བྱེད་ཀྱི་བསམ་པའི་ཞེ་སྣང་འདུག་
ང་ལ་ངོ་མ་ཤེས་པའི་མིའི་ཁ་པར་གཏོང་བ་དང་། ངའི་མོ་ཊ་ཡང་སྐྱོན་ཆགས་བཏང་འདུག་ལ་རྒྱ་མི་ཁྱོ་ག་ཞིག་དང་བེུད་ཅིག་གིས་མགྲོན་ཁང་བར་ངའི་རྗེས་དེད་བཏང་ནས་སླེབས་པའི་སྐོར་བཤད་ཡོད་ལུགས་རེས་གཟའ་པ་སངས་ཉིན་ཕ་རན་སི(France) རླུང་འཕྲིན་ཞིག་གིས་ལུང་འདྲེན་བྱས་ཡོད་པ་རེད།
མེང་ ཧུང་ཝེ (Meng Hongwei) ཕྱི་ཟླ་དགུ་པའི་ཚེས་༢༥ ཉིན་ནས་གར་སོང་མེད་པ་གྱུར་བ་ནས་བཟུང་ཁོང་གི་བཙོན་ཁང་གི་གནས་སྟངས་དང་ཁོང་ལ་ནག་ཉེས་ག་རེ་བཙུགས་པའི་གནས་ཚུལ་ཞིབ་ཕྲ་གང་ཡང་ཐོན་མེད་པ་དང་། མེང་ ཧུང་ཝེ (Meng Hongwei) ནི་༢༠༡༦ ལོའི་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱལ་སྤྱིའི་ཉེན་རྟོག་པའི་འགོ་གཙོར་བསྐོ་འདེམས་བྱས་ཤིང་། ཁོང་ནི་རྒྱ་མི་ཞིག་གོ་གནས་དེའི་ཐོག་བདམས་པ་ཐེངས་དང་པོ་ཡིན་པ་དང་། ཁོང་གི་ལས་འཁུར་དེ་༢༠༢༠ བར་འཁུར་དགོས་ཀྱི་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་ལྐོག་ཟ་རུལ་སྲུང་ལ་རྡུང་རྡེག་གཏོང་མཁན་གྱི་ལས་ཁང་གིས། མེང་ ཧུང་ཝེ (Meng Hongwei)ནི་ཁྲིམས་ལུགས་འགལ་འཛོལ་བྱས་པའི་དོགས་གཞིའི་གནད་དོན་ཐོག་ཞིབ་གཤེར་བྱེད་བཞིན་ཡོད་པའི་སྐོར་བཤད་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་བར་དཔང་རྟགས་ར་སྤྲོད་གང་ཡང་བཏོན་མེད་པ་རེད།
ཐོག་མར་རྒྱལ་སྤྱིའི་ཉེས་ཅན་པའི་ཉེན་རྟོག་སྒྲིག་འཛུགས་དེ་ནི་༡༩༢༣ ལོར་Austriaའི་རྒྱལ་ས་Vienna ནང་བཙུགས་ནས་ཚོགས་མི་ངོ་མ་ནི་ཇར་མི་ནི་དང་ཕེ་རན་སི། རྒྱ་ནག་སོགས་ཡིན་ཞིང་། དབྱིན་ཇི་དང་ཨ་རི་ཕྱིས་སུ་ཞུགས་པ་དང་། ༡༩༥༦ ལོར་གཞུང་འབྲེལ་གྱི་ཐོག་ནས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཞེས་པ་ཆགས་པ་ནས་བཟུང་ཚོགས་མི་མང་དུ་ཕྱིན་ནས་ད་ཆ་སྒྲིག་འཛུགས་དེའི་ནང་རྒྱལ་ཁབ་༡༩༤ མཉམ་ཞུགས་བྱས་ཡོད་པ་རེད།།

གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org