ཡེ་ཤུའི་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱིས་ཐེ་ཝན་དང་འབྲེལ་ལམ་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་འདུག།


2017.10.07
ཡེ་ཤུའི་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱིས་ཐེ་ཝན་དང་འབྲེལ་ལམ་མུ་མཐུད་གནས་རྒྱུ་ཡིན་པ་གསུངས་འདུག། ཐེ་ཝན་དང་Vaticanགཉིས་འབྲེལ་ལམ་བཙུགས་ནས་ལོ་ངོ་༧༥འཁོར་བའི་དུས་དྲན།
ཐེ་ཝན་གཞུང་ཚབ་ཁང་གི་དྲ་གནས།

༄༅། །ཡེ་ཤུའི་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱིས་རྒྱ་ནག་གཞུང་དང་གཞུང་འབྲེལ་འབྲེལ་ལམ་འཛུགས་རྒྱུའི་འདུན་པ་ཡོད་མིན་ལ་མ་ལྟོས་པར་ཐེ་དབན་དང་འབྲེལ་ལམ་མུ་མཐུད་གནས་རྒྱུ་ཡིན་ལུགས་གསུངས་འདུག
Vatican ཡེ་ཤུའུ་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱིས་རྒྱ་ནག་གཞུང་དང་རྒྱུན་ལྡན་གྱི་གཞུང་འབྲེལ་འབྲེལ་ལམ་འཛུག་ཐབས་ཆེད་འབད་རྩོན་གནང་བཞིན་ཡོད་པ་དང་། དེས་རྐྱེན་པས་ཐེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་མུ་མཐུད་གནས་མི་སྲིད་པར་ཚོད་དཔག་བྱེད་བཞིན་ཡོད་ན་ཡང་། ད་རེས་གཟའ་ཕུར་བུའི་ཉིན་Vatican ནང་ཡོད་པའི་ཐེ་ཝན་གཞུང་ཚབ་ཆེན་མོ་Lee shih ming ཡིས་Vatican ལྟེ་གནས་ཀྱི་ཕྱི་སྲིད་དྲུང་ཆེ་ཆོས་དཔོན་Paul  Gallagher གྱིས་ Vatican ཡི་ཤུའི་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱིས་མུ་མཐུད་ནས་ཐེ་ཝན་དང་འབྲེལ་ལམ་གནས་རྒྱུ་ཡིན་པའི་སྐོར་གསུངས་པ་འགྲེལ་བརྗོད་གནང་ཡོད་པའི་སྐོར་ཐེ་ཝན་གྱི་གསར་འགྱུར་རྒྱུད་ལམ་ཐོག་གནས་ཚུལ་སྤེལ་ཡོད་འདུག Vatican ཡེ་ཤུའུ་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱི་ཕྱི་སྲིད་དཔོན་རིགས་Gallagher གྱིས་  ༡༩༤༢ལོར་སྐབས་དེ་དུས་ཀྱི་རྒྱ་ནག་གི་དབང་འཛིན་བྱེད་མཁན་ ཅང་ཅད་ཧྲེས་Vatican ཡེ་ཤུའི་རྣམ་དག་ཆོས་ལུགས་ལྟེ་གནས་དང་ཐེ་ཝན་དབར་གཞུང་འབྲེལ་འབྲེལ་ལམ་བཙུགས་པ་ནས་བཟུང་།  འཛམ་གླིང་ཁྱོན་ཡོངས་སུ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད་པ་དང་།  ཡིན་ནའང་ཡུལ་གཉིས་དབར་གྱི་འབྲེལ་ལམ་ལ་འགྱུར་བ་གང་ཡང་བྱུང་མེད་པའི་སྐོར་སོགས་གསུངས་འདུག    Vatican ཡེ་ཤུའུ་རྣམ་དག་ཆོས་ལུགས་ལྟེ་གནས་དེ་བཞིན་ཐེ་ཝན་དང་གཞུང་འབྲེལ་འབྲེལ་ལམ་ཡོད་པའི་ཡོ་རོབ་ཁུལ་གྱི་ཡུལ་གྲུ་གཅིག་པོ་དེ་ཡིན་པ་རེད།  ཐེ་དབན་ཕྱི་སྲིད་ལས་ཁང་གི་ཡོ་རོབ་ཁུལ་དུ་འགན་འཛིན་ཀའོ་ཨན་གྱིས་  ཐེ་ཝན་ནི་ Vaticanཡེ་ཤུའི་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱི་རྒྱལ་སྤྱིའི་ཐོག་སྤེལ་གྱི་ཡོད་པའི་མི་ཆོས་རིང་ལུགས་དང་རོགས་སྐྱོར་གྱི་ལས་དོན་ཁག་ནང་གལ་འགངས་ཆེ་བའི་ཆབ་སྲིད་ཀྱི་མཐུན་ཕྱོགས་ཤིག་ཡིན་ལུགས་གསུངས་འདུག་ལ།  ཁོང་གིས་ཐེ་ཝན་གཞུང་གིས་Vatican ཡེ་ཤུའུ་རྣམ་དག་ཆོས་ལུགས་ལྟེ་གནས་ཀྱིས་རྒྱ་ནག་དང་གཞུང་འབྲེལ་འབྲེལ་ལམ་འཛུགས་ཐབས་ཀྱི་ལས་དོན་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡིན་པའི་སྐོར་གསུངས་འདུག།
གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎