རྒྱ་ནག་གིས་ཡུ་གུར་སློབ་ཕྲུག་གཅིག་ལ་སྲོག་ཐོག་ཉེས་ཆད།
ཨུ་གུར་ཤིན་ཅང་མི་རིགས་ཡིན་པ་བེུད་སློབ་ཕྲུག་པེ་སི་ལེཏ་ཨེཀ་སྦར་ཞུ་བ་ཁོང་རྒྱ་ནག་གཞུང་གིས་ཉེས་ཆད་སྲོག་ཐོག་བཏང་ཡོད་པ་རེད།
-
2010-12-31 -
-
-
༄༅།ལོ་ན་༡༩་སོན་པའི་ཨུ་གུར་ཤིན་ཅང་མི་རིགས་ཡིན་པ་བེུད་སློབ་ཕྲུག་པེ་སི་ལེཏ་ཨེཀ་སྦར་ཞུ་བ་ཁོང་རྒྱ་ནག་གཞུང་གིས་ཉེས་ཆད་སྲོག་ཐོག་བཏང་ཡོད་པ་རེད།
དེའང་ཨུ་རུ་མུ་ཆིང་གི་ཁྲོམ་གཞུང་ལྟེ་བ་ཞེས་པ་དེར་སྤྱི་ལོ་༢༠༠༩་ལོའི་སྤྱི་ཟླ་༧་ཚེས་༥་ཉིན་ཨུ་གུར་མི་རིགས་ཀྱི་རང་དབང་ཐོབ་ཐང་ཐད་རྒྱ་རིགས་དང་ཨུ་གུར་ཤིན་ཅང་མི་རིགས་ཀྱི་དབར་དྲག་ཟིང་བྱུང་སྟེ་དེ་སྐབས་མི་གྲངས་༢༠༠་བསྐོར་ཞིག་སྲོག་སྐྱོན་བྱུང་བའི་གནས་ཚུལ་དེ་བྱུང་ནས་ཟླ་བ་གཉིས་ཀྱི་རྗེས་ཁོང་མོ་འཇུ་བཟུང་བྱས་ནས་ཁོང་མོིར་དྲག་ཟིང་གི་ནང་ཐེ་བྱུས་ཡོད་པའི་ནག་ཉེས་ཕོག་རྗེས་ལོ་གཉིས་ཀྱི་རིང་ཉེས་ཆད་སྲོག་ཐོག་ཕྱི་འགྱངས་བྱས་པའི་རྗེས་སྤྱི་ཟླ་༤པའི་ནང་སླར་ཡང་ཁྲིམས་ཐག་བཅད་དེ་ཉེས་ཆད་སྲོག་ཐོག་གཏོང་རྒྱུར་གཏན་འཁེལ་བ་དེ་ནི་ཨུ་གུར་བེུད་སྲོག་ཁྲིམས་བཅད་པ་གཉིས་པ་དེ་ཡིན་པ་རེད། གང་ཡིན་ཟེར་ན་ད་ལོ་ལོ་སྟོད་དེར་རྒྱ་ནག་གཞུང་གིས་ཨུ་གུར་མི་རིགས་ཀྱི་ནང་བེུད་ཅིག་ལ་ཉེས་ཆད་སྲོག་ཐོག་བཏང་ཡོད་པ་རེད།
པེ་སི་ལེཏ་ཨེཀ་སྦར་གྱི་སློབ་གྲྭ་གཅིག་པའི་གྲོགས་མོ་ཞིག་གིས་འགྲེལ་བརྗོད་གནང་བར་དྲག་ཟིང་དེ་ཚོའི་པེ་སི་ལེཏ་ཨེཀ་སྦར་ལས་ཀྱང་ཐེ་བྱུས་མཉམ་བཞུགས་དེ་བས་ཤུགས་ཆེ་བ་བྱེད་མཁན་དེ་འདྲ་བྱུང་ཡོད་ཀྱང་ཡིན་ནའི་ཁོང་མོར་ཁྲིམས་ཆད་དྲག་པོ་དེ་འདྲ་བཏང་དགོས་དོན་གང་ཡིན་ནམ་ཁོང་མོས་དྲག་ཟིང་ནང་བཞུགས་ཡོད་མི་སྲིད་པའི་སྐོར་དང་དེ་བཞིན་ཁྲིམས་ཞིབ་དེའང་གསང་བའི་སྒོ་ནས་བྱས་ཡོད་པ་ཞིག་དང་ཁྲིམས་ཐག་ཚང་མ་བཅད་ཚར་ནས་གཞི་ནས་ཁོང་གི་ཕ་མར་ལན་སྤྲད་ཡོད་པ་དང་ད་དུང་གཞན་སུ་ཞིག་ལ་གཞུང་གིས་ཁྲིམས་ཐག་དེ་འདྲ་བཅད་ཡོད་པའི་སྐོར་ཤོད་མི་ཆོག་ཅེས་རྒྱ་ནག་གཞུང་གིས་དེ་ལྟར་བཤད་ཡོད་པའི་སྐོར་སློབ་གྲོགས་དེས་འགྲེལ་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་བཞག།