རཱེ་བྷེ་ཡ་བཙོན་བཀྲོལ་ཐོབ་པར་དུས་དྲན་སྲུང་བརྩི།

འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ལྕམ་Rebiya Kadeerལཊ་བཙོན་བཀྲོལ་ཐོབ་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག

འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་Rebiya Kadeerལགས། དྲ་བཤུས། WUC

འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱིས་ལྕམ་Rebiya Kadeerལཊ་བཙོན་བཀྲོལ་ཐོབ་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག  
དེ་ཡང་ཁ་ས་ཕྱི་ཚེས་༡༧ཉིན། རྒྱ་ནག་གཞུང་གིས་ད་ལྟའི་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་ལྕམ་Rebiya Kadeerལགས་མི་ལོ་བརྒྱད་བཙོན་བཅུག་བྱས་པའི་རྗེས་གློད་གྲོལ་ཐོབ་པའི་དུས་དྲན་སྲུང་བརྩི་ཞུས་ཡོད་པ་དང་། ལྕམ་Rebiya Kadeerལགས་ཀྱིས་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་། མང་གཙོའི་ལས་འགུལ་མུ་མཐུད་སྤེལ་བཞིན་པ་ཡིན་འདུག
དགུང་གྲངས་༦༩ཕེབས་པའི་ལྕམ་Rebiya Kadeerལགས་ཀྱིས་ཕྱི་ལོ་༢༠༠༦ནས་༢༠༡༡བར་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་ཡོད་པ་དང་། ཁོང་བཙོན་ཁང་ནས་གློད་གྲོལ་བྱུང་རྗེས་ཁོང་གིས་ཡུ་གུར་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གསར་འཛུགས་གནང་ཡོད་པ་དང་། དེ་བཞིན་ཁོང་གིས་རྒྱལ་ཁབ་མང་པོ་ཞིག་ནང་ཕེབས་ནས་ཡུ་གུར་ཁ་ཆེའི་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སྐོར་གོ་རྟོག་སྤེལ་གནང་ཡོད་པ་རེད། ཁོང་ཡུ་གུར་ནང་བཞུགས་སྐབས་ཕྱི་ལོ་༡༩༩༧ལོར་རྒྱ་ནག་གི་བེུད་ཐོབ་ཐང་ཆེད་ ཨ་མ་སྟོང་གི་ལས་འགུལ་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པ་དང་། ཚོགས་པ་དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་གི་བེུད་ཚོར་ལས་རིགས་སྦྱོང་བརྡར་སྤྲོད་རྒྱུ་དང་། ལས་ཀའི་གོ་སྐབས་ཐབས་འཚོལ་གནང་རྒྱུའི་ཆེད་ཡིན་པ་རེད། དེ་བཞིན་ཁོང་གིས་མ་རྩ་ཆུང་ཆུང་ཞིག་གིས་སྒེར་གྱི་ཚོང་ལས་འགོ་འཛུགས་གནང་ནས་ལམ་ལྷོང་ཆེན་པོ་བྱུང་ནས་ཨ་རིའི་ཌོ་ལར་ས་ཡ་མང་པོའི་བདག་པོའི་ཚོང་པ་ལམ་ལྷོང་ཅན་ཞིག་ཀྱང་ཆགས་མྱོང་ཡོད་པ་རེད།
ཕྱི་ལོ་༡༩༩༩ལོའི་ཕྱི་ཟླ་༨ཚེས་༡༡ཉིན་ཨ་རིའི་གྲོས་ཚོགས་ཀྱི་ལས་བྱེད་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་ཡུ་གུར་ནང་ཕེབས་སྐབས་ སྐུ་ཚབ་ཚོགས་ཆུང་མཇལ་འཕྲད་དུ་འགྲོ་སྐབས་རྒྱ་ནག་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ནས་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་མཁོ་སྤྲོད་བྱས་པའི་ཉེས་འཛུགས་བྱས་ཏེ་ཨུ་རུ་མུའུ་ཆིའི་མི་མང་ཁྲིམས་ཁང་ནས་ཁོང་ལ་མི་ལོ་བརྒྱད་ཀྱི་ལོ་དུས་བཙོན་བཅུག་ཀྱི་ཁྲིམས་ཐག་བཅད་ཡོད་པ་རེད། ཁོང་བཙོན་ཁང་ནས་བཙོན་གྲོལ་ཐོབ་པ་དེ་ནི་ཡུ་གུར་མི་རིགས་ཀྱིས་རྡོག་རྩ་གཅིག་བསྒྲིལ་དང་། ལྷག་པར་དུ་རྒྱལ་སྤྱིའི་ངོས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་གནོན་ཤུགས་སྤྲད་པའི་འབྲས་བུ་ཞིག་ཡིན་པ་དང་། ཁ་ས་འཛམ་གླིང་ཡུ་གུར་ལྷན་ཚོགས་ཀྱི་ངོས་ནས་ཁོང་གློད་གྲོལ་ཐོབ་ཐབས་སུ་འབད་བརྩོན་དང་རོགས་རམ་གནང་མཁན་ཚང་མར་ཐུགས་རྗེ་ཆེ་ཞེས་ཞུས་གནང་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org