ཨ་རིའི་གྲོས་ཚོགས་འཐུས་མི་འབར་མར་གཟིགས་སྐོར་ཕྱིར་འཐེན།

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇིམ་ལྦེབ་ཀྱིས་ཁུལ་དེའི་ནང་གཟིགས་སྐོར་ཕེབས་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་ཡོད་འདུག

2010.06.03

༄༅༎འབར་མའི་དྲག་པོའི་སྲིད་གཞུང་གི་རྡུལ་ཕྲན་གོ་མཚོན་མཁོ་སྤྲོད་འབྱུང་ཐབས་ཀྱི་ལས་དོན་རྩོམ་གྱི་ཡོད་པའི་བློ་དོགས་ཀྱི་གནས་ཚུལ་ལ་རྐྱེན་པས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇིམ་ལྦེབ་ཀྱིས་ཁུལ་དེའི་ནང་གཟིགས་སྐོར་ཕེབས་རྒྱུའི་འཆར་གཞི་ཕྱིར་འཐེན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཕྱི་ཚེས་༣ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇིམ་ལྦེབ་ཀྱིས་སྤེལ་བའི་སྤྱི་སྒྲགས་ནང་གསལ་ལྟར་ན་ འབར་མའི་དྲག་པོའི་སྲིད་གཞུང་གི་རྡུལ་ཕྲན་གྱི་ལས་གཞི་འགོ་འཛུགས་སླད་བྱང་ཀོ་རི་ཡ་དང་ལས་དོན་མཉམ་ལས་བྱེད་ཀྱི་ཡོད་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནང་སྐྱོན་འཛུགས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད་ སྤྱིར་སྐྱོན་འཛུགས་དེ་དག་ཁུངས་ལྡན་ཡིན་མིན་སྐོར་ར་སྤྲོད་གསལ་རྟོགས་མེད་ཀྱང་ དོགས་གཞིའི་གནས་སྟངས་འདིའི་འོག་འབར་མ་ནང་འཚམས་འདྲིར་བསྐྱོད་ཚེ་ དེས་ཕན་པ་ལས་གནོད་ཆེ་བ་ཡོང་ངེས་སྲིད་པར་བརྟེན་ གཟིགས་སྐོར་གྱི་མཛད་འཆར་ཕྱིར་འཐེན་གནང་རྒྱུ་ཡིན་པ་གསུངས་འདུག་༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎