ཨ་རིའི་ཕྱི་སྲིད་བློན་ཆེན་པ་ཀིསྟན་ནང་གཟིགས་སྐོར་དུ་ཕེབས།

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁིལིན་ཊོན་མཆོག་པ་ཀིསྟན་ནང་ཉིན་གཉིས་རིང་གཟིགས་སྐོར་ཆེད་ཕེབས་འབྱོར་གནང་ཡོད་འདུག

2010.07.18

༄༅༎ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁིལིན་ཊོན་མཆོག་པ་ཀིསྟན་ནང་ཉིན་གཉིས་རིང་གཟིགས་སྐོར་ཆེད་ཕེབས་འབྱོར་གནང་ཡོད་འདུག

པ་ཀིསྟན་གྱི་རྒྱུད་ལམ་ཇིའོ་ཞེས་པས་གནས་རེས་གཟའ་ཉི་མའི་ཉིན་གནས་ཚུལ་སྤེལ་བར་གཞིགས་ན་ ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁིལིན་ཊོན་མཆོག་ཡུལ་དེར་ཉིན་གཉིས་རིང་གཟིགས་སྐོད་ཕེབས་འབྱོར་གྱིས་རེས་གཟའ་ཟླ་བའི་ཉིན་པ་ཀིསྟན་གྱི་ཕྱི་སྲིད་བློན་ཆེན་ཤྭ་མེ་མུརྡ་ཁུ་རེཤི་གཙོས་པའི་འབྲེལ་ཡོད་དཔོན་རིགས་དང་མཇལ་འཕྲད་ཀྱིས་ཨཕ་ག་ནིསྟན་གྱི་དམག་འཁྲུག་གཞོལ་བའི་ཆེད་དུ་པ་ཀི་སི་ཐན་ལ་དགོས་ངེས་ཀྱི་དཔལ་འབྱོར་རོགས་སྐྱོར་གནང་ཕྱོགས་དང་འབྲེལ་བའི་སྐོར་བཀའ་བསྡུ་གནང་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ཕྱིར་ལོག་མ་གནང་གོང་པ་ཀིསྟན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་མཆོག་དང་སྲིད་བློན་སའི་རྡི་ཡུསུཕ་ར་ཛ་ ཇི་ལ་ནི་རྣམ་གཉིས་མཇལ་འཕྲད་གནང་གཏན་འཁེལ་ཡོད་འདུག དེའི་དབར་ལ་ཨཕ་ག་ནིསྟན་གྱིས་ཕ་རྭ་ཞིང་ཆེན་གྱི་ཕར་ཧྭ་གྲོང་ཁྱེར་གྱི་བཙོན་ཁང་ནས་བཙོན་པ་མང་དག་ཅིག་བྲོས་ཡོད་པའི་གནས་ཚུལ་ཐོན་བཞིན་པ་རེད། གཞུང་གིས་རེས་གཟའ་ཉི་མའི་ཉིན་ས་གནས་ཀྱི་བཙོན་ཁང་ལ་འབར་རྫས་གས་ཐོར་གྱིས་བཙོན་པ་བཅུ་བཞི་བྲོས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་ཀྱང་ཏ་ལི་བྭན་གྱེན་ལོག་པའི་མགྲིན་ཚབ་ཞིག་གིས་བཙོན་པ་༢༧༠བྲོས་ཡོད་པ་དང་དེའི་ཁོངས་ནས་༧༠ཐམ་པ་ཏ་ལི་བྭན་གྱི་མི་སྣ་ཡིན་ལུགས་བཤད་ཡོད་འདུག༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎