འབར་མའི་གཞུང་གིས་གྲོས་མཐུན་བཞིན་རོགས་རམ་སྤྲོད་ཀྱི་མེད་པ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་གྲོས་མཐུན་བྱས་པ་བཞིན་འབར་མ་དྲག་པོའི་གཞུང་གིས་ལག་བསྟར་བྱེད་ཀྱི་མེད་པ་རེད་
-
2008-05-24 -
-
-
༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འབར་མའི་དྲག་པོའི་གཞུང་བར་འབར་མའི་ནང་དྲག་ཆར་རླུང་འཚུབ་ཀྱི་རང་འབྱུང་གནོད་འཚེའི་འོག་རོགས་རམ་ལས་དོན་སྤེལ་རྒྱུའི་གྲོས་མཐུན་བྱུང་ཡོད་ན་ཡང་། འབར་མ་དྲག་པོའི་གཞུང་གིས་རོགས་རམ་གྱི་ལས་དོན་སྤེལ་ཕྱོགས་ཐད་གྲོས་མཐུན་བྱས་པ་བཞིན་ལག་བསྟར་བྱེད་ཀྱི་མེད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་གྱིས་གསུངས་ན་། ཁོང་གིས་འབར་མའི་དྲག་པོའི་གཞུང་གི་དཔོན་རིགས་ཐན་ཤོན་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་འབར་མ་དྲག་པོའི་གཞུང་བར་བཞག་པའི་གྲོས་མཐུན་བཞིན་ཕྱི་རྒྱལ་གྱི་རོགས་སྐྱོར་ཚོགས་པ་འབར་མའི་ནང་རོགས་རམ་ལས་དོན་སྤེལ་བར་གཏོང་དགོས་པའི་གནོན་ཤུགས་སྤྲོད་བཞིན་ཡིན་པ་གསུངས་བཞག རྒྱལ་སྤྱིའི་རོགས་སྐྱོར་ཚོགས་པ་ཁག་ཅིག་གིས་འབར་མའི་དྲག་པོའི་གཞུང་གིས་ཕྱི་རྒྱལ་གྱི་རོགས་རམ་དངུལ་ལེན་པ་ལས་རོགས་རམ་ཚོགས་པ་འབར་མའི་ནང་གྲོས་མཐུན་བཞག་པ་བཞིན་གཏོང་གི་མེད་པའི་བསྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་འབར་མའི་དྲག་པོའི་གཞུང་གི་དཔོན་རིགས་ནས་འབར་མའི་རྒྱལ་ནང་མི་མང་གི་དངོས་ཡོད་གནས་སྟངས་གཟིགས་ནས་ཕྱི་རྒྱལ་གྱི་རོགས་སྐྱོར་ཚོགས་པ་འབར་མའི་ནང་གཏང་རྒྱུར་གྲོས་མཐུན་ལག་བསྟར་བྱ་རྒྱུར་ཡིད་ཆེས་ཡོད་པ་གསུངས་བཞག།