ཕྱི་གསལ་ནང་གསལ་དགོས།


2013.03.26
ཊ་ཡམས་ནའུ་བརྙན་འཕྲིན་ནས་༧གོང་ས་མཆོག་ལ་བཀའ་འདྲི་གནང་བཞིན་པ།
ཊ་ཡམས་ནའུ་བརྙན་འཕྲིན་གྱི་གཞུང་འབྲེལ་དྲ་གནས།

༄༅།    །བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པ་མཆོག་གིས་རྒྱ་གར་གྱི་Times of India གསར་ཤོག་གི་Times Now ཞེས་པའི་བརྙན་འཕྲིན་གྱི་དམིགས་བསལ་ལས་རིམ་ཐོག རྒྱ་ནག་གི་གནད་དོན་དང་། བོད་ནང་རང་ལུས་མེར་སྲེག་གཏོང་བའི་གནད་དོན།    དེ་བཞིན་ཁོར་ཡུག་སོགས་གནད་དོན་མང་པོིའི་སྐོར་བཀའ་འདྲི་བཀའ་ལན་གནང་འདུག
གོང་གསལ་གསར་ཤོག་གི་བརྙན་པར་གསར་འགོད་པས་༧གོང་ས་མཆོག་ལ་རྒྱ་ནག་ནང་འགོ་ཁྲིད་འཕོ་འགྱུར་ཕྱིན་པའི་དབང་གིས་འགྱུར་བགྲོས་ཀྱི་རེ་བ་ཇི་ཡོད་སྐོར་བཀའ་འདྲི་ཞུས་པར་ ༧གོང་ས་མཆོག་གིས། རྒྱ་ནག་དེ་བཞིིན་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། གཞི་རྩའི་ཆབ་སྲིད་ཀྱི་ལམ་ལུགས་ལ་འགྱུར་བ་མ་སོང་བར་འགོ་ཁྲིད་འཕོ་འགྱུར་ཐོག་ནས་འགྱུར་བ་ཆེན་པོ་ཡོང་རྒྱུ་ཁག་པོ་ཡིན་པ་རེད། ཡིན་ནའང། སྤྱི་ཡོངས་ཆ་ནས་དེ་སྔ་ལོ་ངོ་༣༠སྔོན་དང་བསྡུར་ན། རྒྱ་ནག་ནང་འགྱུར་བ་ཆེན་པོ་མཐོང་རྒྱུ་ཡོད་པ་དང་། འགྱུར་བ་དེ་དག་རྒྱ་ནག་གི་ཕྱི་ཕྱོགས་དང་འབྲེལ་ལམ་རྒྱ་ཆེར་སོང་བའི་དབང་གིས་ཡིན་པར་གསལ་འདོན་གནང་འདུག ༧གོང་ས་མཆོག་གིས་ད་དུང་།    རྒྱལ་སྤྱིའི་གདེངས་འཇོག་དང་ཆེ་མཐོང་ཡོང་བར་རྒྱ་ནག་གི་འགོ་ཁྲིད་ཚོས་དངོས་ཡོད་ཀྱི་གནས་ཚུལ་དེར་ངོས་ལེན་བྱས་པའི་ཐོག རྒྱ་ནག་རང་ངོས་ཀྱི་ཁེ་ཕན་ཆེད། རྒྱ་ནག་ནང་ཁྲིམས་ལུགས་དབང་འཛིན་དང་། སྤྱི་ཚོགས་ཕྱི་གསལ་ནང་གསལ། དེ་བཞིན་གསར་འགོད་རང་དབང་བཅས་དར་སྤེལ་གཏོང་ཐབས་བྱེད་དགོས་པའི་སྐོར་ནན་བརྗོད་གནང་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎