བཞུགས་སྒར་རྡ་རམ་ས་ལར་འཕྲོད་བསྟེན་སྐོར་གྱི་ཟབ་སྦྱོང༌།

ཕྲུ་གུ་སྐྱེས་བསུའི་ལག་ལེན་གཙོ་གྱུར་མ་དང་བྱིས་པའི་འཕྲོད་བསྟེན་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པའི་སྐོར།

2010.12.01

༄༅༎ཕྲུ་གུ་སྐྱེས་བསུའི་ལག་ལེན་གཙོ་གྱུར་མ་དང་བྱིས་པའི་འཕྲོད་བསྟེན་ཟབ་སྦྱོང་ཞིག་དབུ་འཛུགས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་གཞུང་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག   

བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱིས་གོ་སྒྲིག་འོག་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡ནས་ཚེས་༥བར་ཉིན་གྲངས་ལྔའི་རིང་བོད་གཞུང་བདེ་ལེགས་སྨན་ཁང་གི་ཚོགས་ཁང་དུ་འཕྲོད་བསྟེན་ཁྱབ་ཁོངས་ས་གནས་སྨན་ཁང་ཁག་གི་སྨན་ཞབས་དང་འཕྲོན་བསྟེན་ལས་བྱེད་པ་ཁག་ཅིག་ལ་ཕྲུ་གུ་སྐྱེས་བསུའི་ལག་ལེན་གཙོ་གྱུར་མ་དང་བྱིས་པའི་འཕྲོད་བསྟེན་གྱི་ཟབ་སྦྱོང་དབུ་འཛུགས་གནང་ཡོད་པ་རེད་ ཟབ་སྦྱོང་དབུ་འཛུགས་ཀྱི་མཛད་སྒོར་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་གིས་གཙོས་འཕྲོད་བསྟེན་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་ལགས་དང་བདེ་ལེགས་སྨན་ཁང་གི་འགན་འཛིན་དང་ སྨན་པ་དང་སྨན་ཞབས་ ཕྱོགས་མཐའ་ཁག་གི་སྨན་ཞབས་དང་འཕྲོད་བསྟེན་ལས་བྱེད་པ་སོགས་མི་གྲངས་༡༨ཙམ་འདུ་འཛོམས་ཀྱི་ཐོག་མར་འཕྲོད་བསྟེན་ཟུང་དྲུང་གིས་ཟབ་སྦྱོང་དང་འབྲེལ་བའི་ངོ་སྤྲོད་སྐོར་གནང་ཡོད་པ་དང་ དེ་རྗེས་འཕྲོད་བསྟེན་བཀའ་བློན་མཆོག་ནས་དེ་རིང་གི་ཟབ་སྦྱོང་གི་བརྗོད་གཞི་གཙོ་བོ་མ་དང་བྱིས་པའི་འཕྲོད་བསྟེན་ཡིན་པ་དེ་ཧ་ཅང་གི་གནད་འགག་ཆེན་པོ་ཞིག་ཆགས་ཡོད་པའི་སྐོར་ལ་གསུང་བཤད་གནང་ཡོད་ཅིང་ འཕྲོན་བསྟེན་བཀའ་བློན་མཆོག་ནས་གནའ་རབས་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་གྱིས་མ་དང་བྱིས་པའི་ལུས་སེམས་བདེ་ཐང་ཁར་མི་རབས་རྗེས་མ་ཚོའི་ལུས་སྟོབས་བཟང་ལ་རིག་རྩལ་ལྡན་པ་ཞིག་ཡོང་རྒྱུར་ཐུགས་འགན་བཞེས་དགོས་པའི་བསམ་པའི་སྒོ་ནས་ལྷག་བསམ་རྣམ་དག་གནང་དགོས་པ་ཟབ་སྦྱོང་ནང་བཞུགས་མཁན་ཚོར་སྐུལ་མ་ཡང་གནང་འདུག  

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎