བོད་ཀྱི་གཞོན་ནུ་ཚོཊ་པས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ།


2015.09.10
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་སྐབས། ༢༠༡༥།༩།༡༠ རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་སྐབས། ༢༠༡༥།༩།༡༠
TYCFB

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་གསུམ་གྱིས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་པ།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་བ་ལྟར་ན། སྤྱི་ལོ་༢༠༡༥ཟླ༩ཚེས༡༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཊར་མན་ཊར་རུ། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དབུས་རྒྱུན་ཚོགས་གཞོན་རྟ་མགྲིན་སྲིད་གཅོད་ལགས་ཀྱི་གཙོས་དཔལ་འབྱོར་འགན་འཛིན་བསྟན་འཛིན་དབང་ཕྱུག་ལགས་དང་། ཕྱི་དྲིལ་འགན་འཛིན་ཚེ་དབང་སྒྲོལ་མ་ལགས་བཅས་ཀྱིས། ད་ལྟའི་བོད་ཀྱི་ཛ་དྲག་གནས་སྟངས་དྲིལ་བསྒྲགས་དང་། བོད་ནང་བོད་དོན་ཆེད་རང་ལུས་མེར་སྲེག་གནང་མཁན་ཚོའི་མངོན་འདོད་ལ་རྒྱབ་སྐྱོར། གཞིས་ལུས་བོད་མིར་གདུང་སེམས་མཉམ་བསྐྱེད་བཅས་ཀྱི་ཆེད་དུ་། མཉམ་འབྲེལ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་ལྔ་བཏོན་ནས་དུས་ཚོད་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་ལས་འགུལ་སྤེལ་གནང་ཡོད་པ་དང་། ཉིན་དང་པོར་སྐུ་མགྲོན་གཙོ་བོ་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨེན་དྷི་ཞེ་ཀོ་མར་Indresh Kumar ལགས་ཕེབས་ནས་གཏམ་བཤད་གནང་ཡོད།
ཁོང་ཚོས་ཡིག་ཐོག་གི་གསལ་བསྒྲགས་ཞིག་སྤེལ་གནང་བ་དང་མཉམ་རྒྱལ་ཚོགས་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་ནི། ༡༽མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐོག་བོད་དོན་གླེང་སློང་དགོས། ༢༽རྒྱ་ནག་སྲིད་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ཞི་རྒོལ་གནང་མཁན་བོད་མིའི་དགོས་འདུན་ཁག་ལ་འགན་འཁུར་ཡ་ལན་དགོས་པ་ནན་བསྐུལ་མཐའ་འཁྱོལ་བྱ་དགོས། ༣༽རྒྱ་ནག་སྲིད་གཞུང་ལ་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཚོ་བཞུགས་ཡོད་མེད་ཀྱི་བདེན་དཔང་གསལ་སྟོན་དགོས་པ་ནན་བསྐུལ་བྱ་དགོས། ༤༽བོད་ཀྱི་དངོས་ཡོད་གནས་ཚུལ་རྟོགས་ཞིབ་ཆེད་རྒྱལ་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་ངེས་པར་དུ་གཏོང་དགོས། ༥༽ རྒྱ་ནག་སྲིད་གཞུང་ལ་བོད་ཀྱི་ཉེས་མེད་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པ་ནན་བསྐུལ་བྱ་དགོས།། ཞེས་སོགས་བཀོད་འདུག

གསར་འགོད་པ་ཀླུ་འབུམ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས་བཏང་བ་ཞིག་ལ་གསན་རོགས་ཞུ༎

གསར་འགོད་པ་བསོད་ནམས་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎