བཞུགས་སྒར་དུ་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་བ།
སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུག་སྒྲིལ་ཡོད་པའི་གནས་ཚུལ།
-
2011-10-01 -
-
-
༄༅༎དེ་ཡང་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བའི་ནང༌། དེ་རིང་གྲོས་ཚོགས་ཚོགས་དུས་མཇུག་སྒྲིལ་ཉིན་མཐའ་མའི་ཐོག་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད་ནང༌། དེ་རིང་བར་དུ་གྲོས་ཚོགས་ཚོགས་པའི་རིང་གི་ལས་དོན་བྱུང་བ་ཁག་དང་གྲུབ་འབྲས་བྱུང་བ་རྣམས་ཕྱོགས་བསྡོམས་གནང་སྟེ། ད་རེས་གྲོས་ཚོགས་ཚོགས་དུས་གཉིས་པའི་ཐོག་བཙན་བྱོལ་བོད་མིའི་བཀའ་བློན་གསར་པ་དྲུག་གི་མཚན་གཞུང་ཕུལ་བ་ཁག་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་བ་དེ་ཧ་ཅང་གི་གཟི་བརྗོད་ལྡན་པའི་གྲུབ་འབྲས་ཤིག་ཡིན་པ་ངོས་འཛིན་གནང་ཡོད་པ་དང༌། ཚོགས་གཙོ་རང་ཉིད་ཀྱི་ངོས་ནས། བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་སུ་ཞིག་ཕེབས་ཀྱང་ཁོང་གི་བཀའ་བློན་ཕྱག་རོགས་འོས་མི་གྲོས་ཚོགས་ལ་སྙན་གསེང་ཞུས་པ་དེར་རྒྱབ་སྐྱོར་ཞུ་རྒྱུ་ནི་གྲོས་ཚོགས་ཀྱི་ལས་འགན་ཡིན་པ་ངོས་འཛིན་ཞུ་གི་ཡོད། ལྷག་པར་དུ་ད་རེས་གྲོས་ཚོགས་ཐོག་བཀའ་བློན་ཁྲི་པ་མཆོག་གིས། ཕྱག་རོགས་བཀའ་བློན་བསྐོ་བཞག་གནང་རྒྱུར་མཚན་གཞུང་གྲོས་ཚོགས་སུ་སྙན་གསེང་ཞུས་པ་དེར། དགག་བྱ་ཡོང་མི་སྲིད་པ་ཞིག་མིན་ནའང་གྲོས་ཚོགས་སྤྱི་མོས་ཀྱི་རྒྱབ་སྐྱོར་ཞུས་པ་བཞིན། བཀའ་ཤག་གི་ཐོག་ནས་གྲོས་ཚོགས་དེའི་ཐོག་ནས་བཀའ་ཤག་ལ་དགོས་ངེས་ཀྱི་མཐུན་འགྱུར་ཁག་ཐོབ་ཀྱི་ཡོད་པའི་བཀའ་མོལ་གསུང་བ་དེ་དག་ནི་གཟི་བརྗིད་ཡིན་པ་ངོས་འཛིན་ཞུ་གི་ཡོད་ཅེས་དང༌། དམིགས་བསལ་གྲོས་ཚོགས་ཀྱི་ལོ་རྒྱུས་ནང་ད་རེས་གྲོས་ཚོགས་དེའི་ཐོག་ཁྲིམས་བཟོ་བསྐྱར་བཅོས་ཀྱི་ལས་དོན་མང་ཤོས་བྱུང་ཡོད་ཅིང༌། ཁྲིམས་བཟོ་ལས་དོན་ཁོ་ནའི་ཐོག་ཤོག་གྲངས་དགུ་བརྒྱ་ལྷག་གྲོས་ཚོགས་སུ་འགྲེམས་སྤེལ་ཞུས་པ་དང༌། སྒྲིག་གཞི་ཁག་ཉི་ཤུ་རྩ་བཞི། བཅའ་ཁྲིམས་དོན་ཚན་ཁག་ཅིག་བཅས་ཁྱོན་བཅའ་ཁྲིམས་དང་སྒྲིག་གཞི་ཉི་ཤུ་རྩ་ལྔའི་ཐོག་ཁྱོན་ཡོངས་ནས་བསྐྱར་བཅོས་དང་བཟོ་བཅོས་བྱེད་རྒྱུ་དེ་དག་ཆ་ཚང་བ་ལེགས་གྲུབ་བྱུང་བ་དེ་གྲོས་ཚོགས་དེའི་གཟི་བརྗོད་ཡིན་པ་མ་ཟད། གྲོས་ཚོགས་ཀྱི་འགན་དབང་ཆེན་པོ་ཞིག་གྲུབ་པར་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།།