བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཟུར་ཚོགས་གནང་འདུག


2018.09.18
རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་སོ་དགུ་པ་དང་བསྟུན་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཚོགས་འདུ། ༢༠༡༨།༩།༡༧ རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་སོ་དགུ་པ་དང་བསྟུན་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཚོགས་འདུ། ༢༠༡༨།༩།༡༧
OOT Geneva

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་སོ་དགུ་པ་དང་བསྟུན་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་ཚོགས་འདུ་ཞིག་བསྐོངས་འདུག
སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༩་པ་དེ་འཚོགས་བཞིན་པ་དང་བསྟུན་རྒྱ་ནག་གཞུང་གིས་དབང་བསྒྱུར་འོག་ད་ལྟའི་བོད་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་གཞུང་འབྲེལ་མིན་པའི་ཚོགས་པ་ཞིག་མིང་ཐོག་ནས་ཚོགས་འདུ་ཞིག་བསྐོངས་འདུག
དེ་ཡང་བོད་དོན་དང་འབྲེལ་བའི་ཟུར་ཚོགས་ལས་རིམ་དེ་ཕྱི་ཚེས་༡༧་ཉིན་ཚོགས་འདུག་ཅིང་།  ཚོགས་འདུ་གོ་སྒྲིག་གནང་མཁན་དེ་ནི་དྲག་པོའི་སྲིད་དབང་རིང་ལུགས་འོག་སྡུག་སྦྱོང་མྱངས་པའི་གྲངས་ཉུང་མི་རིགས་ཚོར་ཉེན་སྐྱོབ་གནང་མཁན་གྱི་རྒྱལ་སྤྱིའི་ཚོགས་པ་  Society of Threatened People དེ་ཡིན་པ་རེད། ཚོགས་འདུ་དེའི་ཐོག་གསུང་བཤད་གནང་མཁན་དྲིལ་བསྒྲགས་དྲུང་ཆེའི་ཚད་མཉམ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་འབྲེལ་རིང་མིན་ཕྱི་ཟླ་༡༡་པའི་ཚེས་༦་ཉིན་རྒྱལ་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་འབྲེལ་བའི་དུས་བཀག་བསྐྱར་ཞིབ་ཐེངས་གསུམ་པའི་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གསལ་འདོན་དང་། བོད་དོན་ལས་འགུལ་ནུས་ཤུགས་མཐོ་རུ་གཏོང་རྒྱུའི་གོ་སྐབས་བཟང་པོ་ཞིག་ཆགས་ཡོད་ཅེས་གསུངས་འདུག
དེ་བཞིན་མི་རིགས་དབྱེ་འབྱེད་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་ལས་འགུལ་ཚོགས་པ་ནས་བཏང་གནང་བའི་སྐུ་ཞབས་ ཏཡི་སུ་ཀེ་ ཀོ་མ་ཚུ་(Taisuke Komatsu) ཡིས་རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་འདུག ད་རེས་ལྷན་ཚོགས་དེའི་ཐོག་གསུང་བཤད་གནང་མཁན་ཁོང་རྣམ་པ་གཉིས་ཀས་རིང་མིན་ཕྱི་ཟླ་༡༡་པའི་ནང་རྒྱལ་ཚོགས་སུ་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བསྐྱར་ཞིབ་གནང་བའི་སྐབས་ཚོགས་མི་རྒྱལ་ཁབ་ཁག་གི་གཙོས་པའི་འབྲེལ་ཡོད་ཚོགས་སྡེ་ཡོངས་ནས་ངེས་པར་དུ་རྒྱ་ནག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲིག་སྲོལ་ལ་སྲུང་བརྕི་བྱ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག

གསར་འགོད་པ་དབྱངས་སྒྲོན།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎