༸གོང་ས་མཆོག་གིས་ཞི་བདེ་བསྐྲུན་ཐབས་ཐོག་བཀའ་སློབ།

འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཆེད་ཕན་ཚུན་བྱམས་བརྩེའི་འདུ་ཤེས་ཀྱི་ཐོག་བཀའ་མོལ་གནང་རྒྱུ་ལས་ཐབས་ཤེས་གཞན་མེད་ལུགས་བཀའ།

2009.04.26

༄༅༎སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་དང་རྡུལ་ཕྲན་གོ་མཚོན་གྱི་དཀའ་རྙོག་སེལ་ཐབས་ཆེད་གླིང་གི་དབུ་ཁྲིད་རྣམ་པས་ཕན་ཚུན་བྱམས་བརྩེའི་འདུ་ཤེས་ཀྱི་ཐོག་བཀའ་མོལ་གནང་རྒྱུ་ལས་ཐབས་ཤེས་གཞན་མེད་ལུགས་བཀའ་བསྩལ་གནང་འདུག

འདི་ཚེས་ཉི་ཤུ་དྲུག་རེས་གཟའ་ཉི་མའི་ཉིན་ནུབ་ཕྱོགས་ཨ་རིའི་གྲོང་ཁྱེར་སྦར་ཀེལི་ནང་ས་གནས་ཀྱི་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་ཕྲུག་གཙོས་པའི་ཕྱི་ནང་དད་ལྡན་ཕྱི་མི་མང་བདུན་སྟོང་ཙམ་འདུ་འཛོམས་ཐོག་༸གོང་ས་མཆོག་གིས་ང་ཚོས་གཞན་གྱི་ཁེ་ཕན་ལ་བསམ་ཤེས་དང་བརྩི་བཀུར་གྱི་ཐོག་ནས་ཕན་ཚུན་གྱི་འབྲེལ་ལམ་གོང་འཕེལ་བྱེད་དགོས་ལུགས་གསུང་བཤད་གནང་འདུག

༸གོང་ས་མཆོག་གིས་ལོ་བཞི་བཅུའི་གོང་ཨ་རིའི་ནང་སྨྲ་བརྗོད་རང་དབང་གི་ལས་འགུལ་དབུ་འཛུགས་གནང་ཡུལ་སྦར་ཀེལི་གཙུག་ལག་སློབ་གྲྭ་ཆེན་མོའི་ཚོགས་ཁང་དེ་འདེམས་གནང་གིས་ད་ལྟའི་ཨ་རིའི་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་གིས་འཛམ་གླིང་ནང་ཆེས་མི་དགའ་བའི་དཔོན་རིགས་གཙོས་པའི་རྒྱལ་ཁབ་དང་དབུ་ཁྲིད་ཕན་ཚུན་འབྲེལ་ལམ་གནང་རྒྱུའི་གཞི་རིམ་གྱི་ལྟ་བ་འཛིན་པར་བསྔགས་བརྗོད་གནང་འདུག ༸གོང་ས་མཆོག་གཙུག་ལག་སློབ་གྲྭ་འདིར་ཕེབས་ཐེངས་གསུམ་པ་ཡིན་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎