བྱང་ཨ་རིས་༧གོང་ས་མཆོག་ལ་བརྟན་བཞུགས་འབུལ་རྒྱུ།


2014.12.12
ཨ་རིའི་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་ཕེབས་སྒུག་ཞུ་བཞིན་པ། ༢༠༡༤།༣།༥ ཨ་རིའི་ནང་གི་བོད་མི་ཚོས་༧གོང་ས་མཆོག་ལ་ཕེབས་སྒུག་ཞུ་བཞིན་པ། ༢༠༡༤།༣།༥
ཀླུ་འབུམ

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བྱང་ཨ་རིར་གནས་སྡོད་བོད་མི་སེར་སྐྱ་སྤྱི་མགྲིན་ནས་བརྟན་བཞུགས་བསྟར་འབུལ་ཞུ་གཏན་འཁེལ་འདུག
དེ་ཡང་ཚེས་༡༡ཉིན་གནས་ཚུལ་ཐོན་གསལ་ལ། ཁ་སྔོན་ཕྱི་ཟླ་༩པའི་ནང་བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་ཚོགས་ཆེན་ཐེངས་༡༣པའི་གྲོས་ཆོད་དགོངས་དོན་དཔལ་ལྡན་དགའ་ལྡན་ཕོ་བྲང་ལ་དེའི་སྐོར་གསོལ་འདེབས་ལྷ་སྙན་སྒྲོན་འབུལ་ཞུས་དོན་བཞིན་༢༠༡༥ཕྱི་ཟླ་༧ཚེས་༡༢རེས་གཟའ་ཉི་མའི་ཉིན་གྱི་སྔ་དྲོ་མང་ཚོགས་ལ་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་། སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་གནང་རྗེས་མགོན་པོ་མཆོག་ལ་བསྟན་པ་འགྲོ་བའི་དོན་དུ་སྐུ་ཚེ་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་བཀའ་བཞེས་གཟབ་མོ་ཐོབ་པ་མ་ཟད། ཉིན་རྒྱབ་ཏུ་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོའི་ཚོགས་མགོན་དུ་༧ཞབས་སོར་བཀོད་གནང་མཛད་རྒྱུ་བཅས་ཀྱི་ཞལ་བཞེས་སྤྱི་སྨིན་བྱུང་མཚམས་ཉེ་ཆར་ཕྱི་ཚེས་༦།༧རེས་གཟའ་སྤེན་པ་དང་ཉི་མ་གཉིས་རིང་Minnesotaར་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་དང་། བྱང་ཨ་རིའི་སྤྱི་འཐུས་གཉིས་དབུ་བཞུགས་ཀྱིས་གོ་སྒྲིག་ཚོགས་ཆུང་ལྷན་འཛོམས་ཀྱིས་ཞུ་སྒོའི་ལས་དོན་གྲ་སྒྲིག་དང་།
དཔལ་འབྱོར་འདུ་འགོད་སོགས་ལས་དོན་གནང་ཕྱོགས་ཐད་ཞིབ་ཕྲའི་བཀའ་བསྡུར་ཐོག་མཛད་རིམ་རགས་ཟིན་གྲོས་བསྡུར་གཏན་འབེབས་བྱུང་བ་མ་ཟད། ད་ལམ་གྱི་བཀྲིན་རྗེས་དྲན་མཛད་སྒོར་བོད་མི་དང་ཧི་ལ་ཡའི་མི་མང་ཁྱོན་ཆེན་པོའི་འདུ་འཛོམས་ཐོག་བྱང་ཨ་རིའི་གནད་ཡོད་མི་སྣས་གཙོས་ནུབ་ཕྱོགས་པ་ཀྱང་འཕོན་ཆེ་འདུ་འཛོམས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༧སྐུའི་འཁྲུངས་སྐར་དང་བཀའ་དྲིན་རྗེས་དྲན་འདུ་འཛོམས་རྒྱས་པ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པ་རེད་འདུག
ཁ་སང་སྤེལ་གནང་འདུག

གསར་འགོད་པ་རིག་ལྡན་སྒྲོལ་མ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎