༸གོང་ས་མཆོག་གིས་བཞུཌ་སྒར་དུ་གསུང་ཆོས་བཀྲིན་བསྩལ་རྒྱུ།
2010.10.01
༄༅༎ཐའེ་ལྦན་གྱི་དད་ལྡན་ཆོས་ཞུ་བ་ཁག་ཅིག་གིས་གསོལ་འདེབས་ཞུས་པ་ལྟར། འདི་ཚེས་༤ནས་འགོ་འཛུགས་ཀྱིས་ཉིན་གྲངས་བཞིའི་རིང་སྤྱི་ནོར་༧གོང་ས་༧སྐྱབས་ མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ དུ་གསུང་ཆོས་བཀའ་དྲིན་བསྩལ་གནང་མཛད་རྒྱུ་ཡིན་འདུག
དེ་ཡང་བཙན་བྱོལ་བོད་གཞུང་གིས་དྲ་རྒྱའི་ཐོག་གསལ་བསྒྲགས་སྤེལ་དོན་ ལྟར་གཞིགས་ན། འདི་ཚེས་༤ནས་༧བར་བསྩལ་གནང་མཛད་རྒྱུའི་བཀའ་ཆོས་རྣམས་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟན་འབྲེལ་བསྟོད་པ་དང་ལམ་རིམ་བསྡུས་དོན་བཅས་ ཡིན་འདུག ཡང་གསལ་བསྒྲགས་དེའི་ནང་མུ་མཐུད་འཁོད་གསལ་ལ། ད་ལམ་གྱི་བཀའ་ཆོས་རྣམས་ཉིན་ལྟར་དུས་ཡུན་གཉིས་སུ་དབྱེ་སྟེ། སྔ་དྲོའི་ཆུ་ཚོད་དགུ་དང་ཕྱེད་ཀ་ནས་བཅུ་གཅིག་དང་ཕྱེད་ཀ་བར་དང༌། ཉིན་དགུང་རྒྱབ་ཏུ་ཆུ་ཚོད་དང་པོ་ནས་གསུམ་པ་བར་བསྩལ་གནང་མཛད་རྒྱུ་ཡིན་པ་དང༌། ཡང་ཉིན་གྲངས་བཞིའི་གསུང་ཆོས་ཡོངས་རྫོགས་དྲ་རྒྱའི་ཐོག་ནས་ཐད་ཀར་རྒྱང་བསྲིང་གནང་རྒྱུ་ཡིན་འདུག