ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་ངོ་སྤྲོད།

ཐེ་ཝན་ཤིན་ཀྲུའུ་གྲོང་ཁྱེར་གྱི་ནང་ལས་རིགས་འདྲ་མིན་གྱི་གཞུང་ཞབས་ཚོར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱིས་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད།

2011.10.06

༄༅༎ཐེ་ཝན་དུ་བཅའ་བཞུགས་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་ཁང་ནས་གནས་ཚུལ་བཏང་ཡོད་པ་ལྟར། ཐེ་ཝན་ཤིན་ཀྲུའུ་གྲོང་ཁྱེར་གྱི་ནང་ལས་རིགས་འདྲ་མིན་གྱི་གཞུང་ཞབས་ཚོར་ཟབ་སྦྱོང་སྐབས་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་དོན་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་པ་རེད།     དེ་ཡང་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་གྱི་དགོང་དྲོ་ཆུ་ཚོད་ ༦། ༣༠ ནས་ ༨། ༣༠ བར་སྐུ་ཚབ་དོན་གཅོད་ཀྱིས་གཙོ་བོ་བོད་ཀྱི་ལོ་རྒྱུས་དང་། ཆབ་སྲིད་འགྱུར་འགྲོས། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་སྐོར་ངོ་སྤྲོད་ཀྱི་གསུང་བཤད་གནང་ཡོད་པ་དང་ ཐེངས་འདིའི་ཤིན་ཀྲུའུ་གྲོང་ཁྱེར་གཞུང་ཞབས་ཟབ་སྦྱོང་ཁོངས་སུ་གཞུང་ཞབས་ལས་བྱེད་དང་། རྒྱལ་སྲུང་དམག་དོན་དཔོན་རིགས། དགེ་རྒན། ཉེན་རྟོག་སྡེ་ཚན་གྱི་དཔོན་རིགས། ཁེ་ལས་ཚོང་འབྲེལ་གྱི་འགན་འཛིན། གསར་འགོད་པ་སོགས་ཁྱོན་མི་གྲངས་ ༢༠ བརྒལ་བ་མཉམ་ཞུགས་གནང་ཡོད་པ་མ་ཟད། ཚོགས་ཞུགས་གནང་མཁན་གྱི་དྲི་བ་ཁག་ལ་དོན་གཅོད་ཀྱིས་ལན་འདེབས་ཀྱང་གནང་ཡོད་པ་སོགས་ཀྱི་གནས་ཚུལ་བཀོད་བཞག༎།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎