ལྷོ་ཨེ་ཤི་ཡའི་ལྷན་ཚོགས་ཆེད་སྲུང་སྐྱོབ་གྲ་སྒྲིག་གནང་བཞིན་པ།
ལྷོ་ཨེ་ཤི་ཡའི་ཡུལ་གྲུའི་མཉམ་མཐུན་ལྷན་ཚོགས་ཀྱི་ཆེས་མཐོའི་ལྷན་འཛོམས་ཆེད་དཔུང་དམག་ཆིག་ཁྲི་ཉིས་སྟོང་འཕར་མ་འགྲེམས་འཇོག་གནང་འཆར།
-
2008-07-25 -
-
-
༄༅༎བདུན་ཕྲག་རྗེས་མ་ཤྲི་ལང་ཀའི་ནང་ལྷོ་ཨེ་ཤི་ཡའི་མངའ་ཁུལ་གྱི་ཡུལ་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཆེས་མཐོའི་ལྷན་འཛོམས་དེ་གནང་རྒྱུ་ཡིན་པའི་སྐབས་དེར། ཨེ་ཤི་ཡའི་དབུ་ཁྲིད་ཚོར་སྲུང་སྐྱོབ་དམ་པོ་ཞུ་ཕྱིར་ ཤྲི་ལང་ཀའི་རྒྱལ་ས་ ཀོ་ལོམ་བོའི་ནང་ཉེན་རྟོག་དམག་མི་འཕར་མ་ཆིག་ཁྲི་ཉིས་སྟོང་འགྲེམས་འཇོག་གནང་རྒྱུ་རེད་འདུག
ཉེན་རྟོག་དཔུང་སྡེའི་སྤྱི་ཁྱབ་གཞོན་པ་ ནི་མལ་མེ་རྡི་ལྦ་ཀ་ ཡིས་ ཕྱི་ཟླ་༨པའི་ཚེས་༢ནས་བཟུང་ཉིན་གྲངས་གཉིས་ཚུགས་རྒྱུའི་ལྷོ་ཨེ་ཤི་ཡའི་མངའ་ཁུལ་གྱི་ཡུག་ཁག་མཉམ་མཐུན་ལྷན་ཚོགས་ཀྱི་ཆེས་མཐོའི་ལྷན་འཛོམས་དེ་མ་གནང་གོང་ནས་དཔུང་དམག་ཆིག་ཁྲི་ཉིས་སྟོང་འཕར་མ་འགྲེམས་འཇོག་གནང་རྒྱུའི་འཆར་གཞི་ཡོད་སྐོར་གསུངས་བཞག དེ་བཞིན་མི་དམངས་འབུམ་དྲུག་དང་ཁྲི་ལྔ་གནས་སྡོད་བྱེད་སའི་ཡུལ་རྒྱལ་ས་ཀོ་ལོམ་བོའི་ནང་གི་སྲུང་སྐྱོབ་ཀྱི་འགན་འཁུར་ཡོད་པའི་ཉེན་རྟོག་པའི་སྤྱི་ཁྱབ་གཞོན་པ་ མེ་རྡི་ལྦ་ཀ་ཡིས་ རྒྱལ་ཁབ་སོ་སོའི་དབུ་འཁྲིད་ཚོར་སྲུང་སྐྱོབ་དམ་པོ་ཞུ་ཕྱིར་དམིགས་བསལ་སྐུ་སྲུང་ཆེད་འཛུགས་གནང་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག
རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་གི་སྐུའི་སྲུང་སྐྱོབ་ཆེད་རང་ཡུལ་གྱི་དམག་མི་བརྒྱ་ཕྲག་འགའ་ཤས་གཏོང་གནང་རྒྱུ་ཡིན་པ་དང༌། དམག་མི་དེ་ཚོ་ཤྲི་ལང་ཀའི་ནང་རྒྱ་གར་དམག་དོན་གྱི་ཐད་འཕུར་གནམ་གྲུའི་དང་གོ་མཚོན་འགོག་སྲུང་ཐུབ་པའི་འགྲུལ་འཁོར་ནང་འབྱོར་རྒྱུ་ཡིན་པ་རེད།