སྒེར་གྱིས་བདག་ཉར་བྱེད་པའི་དྲ་ལམ་སྟེང་དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་སོགས་ལ་དོ་དམ་བྱ་རྒྱུ།

2021.08.28
སྒེར་གྱིས་བདག་ཉར་བྱེད་པའི་དྲ་ལམ་སྟེང་དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་སོགས་ལ་དོ་དམ་བྱ་རྒྱུ། ལག་ཁྱེར་ཁ་པར་སྟེང་གི་སྤྱི་ཚོགས་དྲ་ལམ་གྱི་ཡོ་ཆས།
སྤྱི་ཚོགས་དྲ་ལམ།

རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གི་གློག་ལམ་དྲ་འབྲེལ་ལས་ཁང་ནས་ཉེ་སྔོན་སྤྱི་ཚོགས་དྲ་རྒྱའི་ཐོག་སྒེར་གྱི་བདག་ཉར་བྱས་པའི་དྲ་རྒྱ་ཁག་ནས་ཁྲིམས་འགལ་གྱི་སྒོ་ནས་དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་དང་ དཔལ་འབྱོར་དང་འབྲེལ་བའི་སྲིད་ཇུས་ལ་འཁྱོག་བཤད་དང་གོ་ནོར་གྱི་གནས་ཚུལ་བཀོད་སྤེལ་བྱས་སྟེ་མ་རྐང་ཁྲོམས་རར་རྡབ་སིག་བཟོ་ཡི་ཡོད་པའི་རྐྱེན་གྱིས་དྲ་རྒྱ་དེ་ཚོའི་ཐོག་ཞིབ་འཇུག་བྱ་རྒྱུ་ཡིན་པའི་བཀོད་ཁྱབ་བཏང་ཡོད་པ་རེད ད་རེས་དྲ་རྒྱའི་བཟོ་ཚོང་ལས་ཁང་ཆེ་གྲས་ཚོས་དྲ་རྒྱའི་ཐོག་སྒེར་གྱི་བདག་ཉར་བྱས་པའི་སྤྱི་ཚོགས་དྲ་རྒྱ་ཁག་ལ་སྟངས་འཛིན་བྱ་རྒྱུ་ཐག་གཅོད་དེ་བཞིན་རྒྱ་གཞུང་གི་གསལ་བསྒྲགས་དང་སྟབས་བསྟུན་བྱས་ཡོད་པ་གསལ་འདུག རེས་གཟའ་སྤེན་པའི་ཉིན་Wechat སྐད་འཕྲིན་ཁེ་གཉེར་ལས་ཁང་གིས་སྤེལ་བའི་སྤྱི་བསྒྲགས་གནང་གསལ་ལྟར་ན། དེ་རིང་ནས་ཟུང་ཕྱི་ཟླ་༡༠པའི་ཚེས་༢༥བར་སྒེར་བདག་སྤྱི་ཚོགས་དྲ་རྒྱའི་ཐོག་ཞིབ་འཇུག་བྱ་རྒྱུ་མ་ཟད དཔལ་འབྱོར་དང་འབྲེལ་བའི་གནས་ཚུལ་ཕྱིར་བསྒྲགས་དང་བཀྲོག་གཏམ་དེ་བཞིན་གནས་ཚུལ་འཁྱོག་བཤད་བྱ་མཁན་གྱི་སྤྱི་ཚོགས་དྲ་རྒྱ་ཡོངས་རྗོགས་སྒོ་བརྒྱབ་རྒྱུ་ཡིན་པ་བརྗོད་འདུག་ལ དེ་བཞིན་Weibo དང་ Douyin, Kuaishou ་བཅས་དྲ་རྒྱའི་ཁེ་ལས་ཚོས་ཀྱང་དེ་མཚུངས་ཀྱི་གསལ་བསྒྲགས་སྤེལ་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎