ཕྱི་ལོ་༢༠༢༠ལོའི་རྒྱལ་ཡོངས་ཆིག་སྒྲིལ་དང་ཡར་རྒྱས་མིག་དཔེ་ཞེས་འབོད་པའི་ཚོགས་ཆེན།

བོད་དེ་རིམ་པས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་ངོས་འཛིན་གནང་བཞིན་འདུག

རྒྱ་མིའི་ཉེན་རྟོག་པས་ལྷ་སའི་ཇོ་ཁང་གི་ཁྲོམ་གཞུང་དུ་བལྟ་ཞིབ་བྱེད་བཞིན་པ་དང་། ཁྲོམ་གཞུང་གི་ཕྱོགས་གང་སར་རྒྱ་ཡིག་གི་དྲིལ་བསྒྲགས་མཐོང་རྒྱུ་ཡོད་པ། ༢༠༢༠།༡༠།༡༥ རོཡ་ཊརས།

བོད་ནང་ལྷ་སའི་ཉེ་འགྲམ་སང་རི་(Sangri) རྫོང་ནང་ལོ་རེའི་རྒྱལ་ཡོངས་ཆིག་སྒྲིལ་དང་ཡར་རྒྱས་མིག་དཔེ་ཚོཌ་ཆེན་ཟེར་བ་དེ་ཕྱི་ཟླ་༩ཚེས་༢༥ཉིན་ཚོགས་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་བོད་དེ་རིམ་པས་རྒྱ་ནག་ཅན་དུ་བསྒྱུར་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པར་གནད་དོན་དབྱེ་ཞིབ་པ་དང་བོད་གནས་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་འདུག

ཕྱི་ལོ་༢༠༢༠ལོའི་རྒྱལ་ཡོས་ཆིག་སྒྲིལ་དང་ཡར་རྒྱས་མིག་དཔེ་ཞེས་འབོད་པའི་ཚོཌ་ཆེན་ཞིག་སང་རི་རྫོང་དུ་ཚོགས་ནས་ས་གནས་དམར་ཤོག་ཚོཌ་པའི་དྲུང་ཆེ་ཀང་་ཨའེ་མིན་(Kang Aimin)གྱིས་གཙོ་སྐྱོང་འོག་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་་་ཀུའོ་་ལིང་(Guo Ling) དང་སློབ་ཕྲུག་གིས་འཐུས་མི་དང་དགེ་འདུན་པ་དང་བཙུན་མ་བཅས་ཁྱོན་མི་གྲངས་ཉིས་བརྒྱ་ཙམ་མཉམ་ཞུགས་བྱས་ཡོད་ལུགས་དབྱིན་ཡུལ་ནང་རྟེན་གཞི་བྱེད་པའི་བོད་གནས་ལྟ་ཞིབ་སམ་་(Tibet Watch) ཞེས་པས་གནས་ཚུལ་སྤེལ་འདུག འདུ་འཛོམས་ཐོག་དམར་ཤོག་ཚོཌ་པའི་དྲུང་ཆེ་ཀང་ཨའི་མིན་གྱིས་ཚོཌ་པས་རྒྱལ་ཁབ་ནང་གྲངས་ཉུང་མི་རིགས་ཀྱི་གནས་སྟངས་ཡར་རྒྱས་ཚགས་ཚུད་བཏང་ནས་གཞན་གྱིས་མིག་དཔེ་ལྟ་འོས་པ་བཟོ་དགོས་ལུགས་གཏམ་བཤད་བྱས་ཡོད་འདུག དེ་བཞིན་ཁོང་གིས་འགོ་ཁྲིད་ཀྱི་ནུས་པ་གོང་མཐོར་སྤེལ་ནས་རྒྱལ་ཡོངས་ཆིག་སྒྲིལ་གོང་འཕེལ་ཆེད་སློབ་གྲྭའི་ནང་ཆབ་སྲིད་ལྟ་གྲུབ་གྱི་ཤེས་ཡོན་བརྒྱུད་རྒྱལ་ཡོངས་ཆིག་སྒྲིལ་དང་མི་རིགས་འཆམ་མཐུན་གྱི་ཁོར་ཡུག་སྐྲུན་དགོས་པའི་སྐོར་གཏམ་བཤད་བྱས་འདུག ཕྱི་ཟླ་བརྒྱད་པའི་ནང་སྲིད་འཛིན་ཞི་ཅིན་ཕིང་གིས་བོད་ནང་ཆེས་མཐོའི་འདུ་འཛོམས་ཤིག་གི་ཐོག་བོད་ནང་ལས་དོན་མཐའ་དག་རྒྱལ་ཁབ་ཆིག་སྒྲིལ་དང་མི་རིགས་འཆམ་མཐུན་གོང་འཕེལ་ལ་དམིགས་དགོས་པ་དང་བོད་ཀྱི་ནང་ཆོས་ཀྱང་རྒྱ་ནག་གི་སྤྱི་ཚོཌ་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པ་བཟོས་དགོས་ལུཌ་གི་གཏམ་བཤད་བྱས་ཡོད་པ་རེད། དེ་བཞིན་ཉེ་བའི་འཆར་རྒྱ་ནག་གཞུང་གིས་བོད་ཤར་ཕྱོགས་རྫོར་དགེ་རྫོང་ཁུལ་དགེ་འདུན་པ་དང་བཙུན་མ་ཚོར་རྒྱ་ནག་གི་ཁྲིམས་དང་ཁྲིམས་ལུཌ་སློབ་གསོ་སྤྲོད་རྒྱུ་འགོ་འཛུཌ་བྱས་ཡོད་པ་མ་ཟད། བླ་རུང་སྒར་དུའང་དེ་མཚུངས་སློབ་གསོ་སྤྲོད་བཞིན་ཡོད་པའི་སྐོར་Free Tibet གིས་བདུན་གཅིག་གོང་གནས་ཚུལ་སྤེལ་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org