རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་གསར་འདེམས་བྱས་པའི་ནང་ ལི་ ཁེ་ཆང་དང་ཝང་དབྱང་ཚུད་མེད་པ།

2022.10.22
རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་གསར་འདེམས་བྱས་པའི་ནང་ ལི་ ཁེ་ཆང་དང་ཝང་དབྱང་ཚུད་མེད་པ། རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་ཝང་དབྱང་གཉིས་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་གསར་འདེམས་བྱས་པའི་ནང་ཚུད་མེད་པ།
ཨེ་ཨེཕ་པི།

དེ་ཡང་རོ་ཨི་ཀྲར་གསར་ལས་ཁང་གིས་ཚེས་༢༢ཉིན་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པ་མཇུག་བསྒྲིལ་མཚམས་སུ་ཞི་ཅིན་ཕིང་སྲིད་འཛིན་དུ་སྐབས་གསུམ་པར་འདེམས་བསྐོ་ཡོང་ངེས་ཏེ་ལོ་རྒྱུས་ཐོག་མའོ་ཀྲུ་ཤིའི་རྗེས་སུ་དབང་ཆ་ཆེ་ཤོས་ཀྱི་འགོ་ཁྲིད་ཆགས་རྒྱུ་ཡིན་འདུག གཞན་ཡང་ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་མི་༢༠༥ལས་གྲུབ་པའི་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་ཚོགས་མི་གསར་འདེམས་བྱས་པའི་ནང་། སྲིད་བློན་གྱི་ལས་ཡུན་རྫོགས་ལ་ཉེ་བའི་Li Keqiang་ཚུད་མེད་པ་མ་ཟད། Guangdong་ཞིང་ཆེན་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་Wang Yang་སྲིད་བློན་དུ་འདེམས་བསྐོ་བྱ་སྲིད་པའི་ཚོད་དཔག་བྱས་ཀྱང་ཁོང་ཡང་ཚུད་མེད་པ་རེད།
ཡང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ ༢༠༥ དང་རྗེས་སྣོན་ཨུ་ཡོན་ ༡༧༡་ཡང་ཕྱིར་བསྒྲགས་གནང་རྒྱུ་ཡིན་པ་རེད།
དམར་ཤོག་ཚོགས་པའི་ཚོགས་ཆེན་༢༠པ་དེ་བདུན་ཕྲག་སྔོན་མའི་རེས་གཟའ་ཉི་མའི་ཉིན་འགོ་འཛུགས་བྱས་ཞིང་། ཚོགས་འདུ་འགོ་འབྱེད་ཀྱི་གཏམ་བཤད་ནང་། སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སུ་COVID 19 གཏོགས་དབྱིབས་ནད་ཡམས་རྩ་མེད་གཏོང་བའི་སྲིད་ཇུས་ཟེར་བ་ལག་བསྟར་མུ་མཐུད་བྱ་རྒྱུ་དང་། རྒྱལ་ནང་བདེ་འཇགས་སྲུང་སྐྱོབ་དང་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་གནོན་བརྒྱབ་རྒྱུ། ཧོང་ཀོང་གི་གནས་སྟངས་ལ་སྟངས་འཛིན་གྱི་གྲུབ་འབྲས་ལེགས་ཐོན་བྱུང་ལུགས་དང་། གཞན་ཡང་དཔལ་འབྱོར་ཡར་རྒྱས་དང་ཕྱོགས་མཚུངས་རྒྱ་ནག་གི་དྲག་པོའི་སྟོབས་ཤུགས་ཚད་ལྡན་བཟོ་རྒྱུའི་ལས་འཆར་གསལ་བཏོན་གནང་ཡོད་པ་རེད། རྒྱ་ནག་གི་འགོ་ཁྲིད་མི་གྲངས་བདུན་ལས་གྲུབ་པའི་རྒྱ་ནག་དབུས་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་གསར་པ་རྣམས་ ཞི་ཅིན་ཕིང་གིས་རེས་གཟའ་ཉི་མའི་ཉིན་མི་མང་ཚོགས་ཁང་ནང་གསལ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

000_32LW4JF.jpg


ཡང་རྒྱ་ནག་གི་གཙོ་འཛིན་ཟུར་པ་་ཧུའུ་ཅིན་ཐའོ་་ཚོགས་ཁང་ནས་ཕྱིར་འཁྲིད་ཡོད་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཤུགས་ཆེ་བྱེད་བཞིན་ཡོད་ཅིང་།
རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༢༠་པའི་ཚོགས་འདུ་ཉིན་མཐའ་མ་དེ་ཚོགས་བཞིན་པའི་སྐབས་སུ་གློ་བུར་དུ་ལས་བྱེད་གཉིས་ཡོང་སྟེ་རྒྱ་ནག་གི་གཙོ་འཛིན་ཟུར་པ་ཧུའུ་ཅིན་ཐོ་ཚོགས་ཁང་ནང་ནས་ཕྱི་ལོགས་སུ་ཁྲིད་པ་བརྙན་འཕྲིན་ནང་རྒྱ་ཁྱབ་ཏུ་ཕྱིན་ཡོད་ཅིང་།
ཁོང་ཕེབས་ཁར་ཞི་ཅིན་ཕིང་ལ་བཀའ་མོལ་ཐུང་ཙམ་གསུངས་པ་དང་ལི་ཁེ་ཆང་གི་ཕྲག་པར་ཕྱག་བྱུག་བྱུག་གནང་འདུག
ཧུ་ཅིན་ཐའོ་ནི། དེ་སྔ་བོད་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་ཕྱི་ལོ་༡༩༨༨་ནས་༡༩༩༢་བར་གནང་སྐབས་ཕྱི་ལོ་༡༩༨༩་ལོའི་བོད་མིའི་ཞི་རྒོལ་ལ་དྲག་གནོན་དང་བོད་ནང་ཛ་དྲག་ཁྲིམས་གཞི་བདམས་མཁན་ཏེ་གདུག་རྩུབ་ཆེན་པོ་བྱས་པའི་ལོ་རྒྱུས་ཡོད་པ་རེད།།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎