ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་གསུམ་ནང་འགུལ་ཚད་མཐོ་པའི་ས་འགུལ།

ལྷོ་ཨེ་ཤེ་ཡ་ཁུལ་གྱི་རྒྱལ་ཁབ་གསུམ་གྱི་ནང་ས་འགུལ་ཤུགས་ཆེ་ཞིག་རྒྱབ་ནས་ད་བར་མི་གྲངས་༣༥༠་ཙམ་གྱི་ཚེ་སྲོག་ཤོར་འདུག

པ་ཀི་སི་ཏན་ནང་ས་ཡོམ་གྱི་གོད་ཆགས་ཐེབས་ཡུལ ༢༠༡༥།༡༠།༢༦ RFE

ལྷོ་ཨེ་ཤེ་ཡ་ཁུལ་གྱི་རྒྱལ་ཁབ་གསུམ་གྱི་ནང་ས་འགུལ་ཤུགས་ཆེ་ཞིག་རྒྱབ་ནས་ད་བར་མི་གྲངས་༣༥༠་ཙམ་གྱི་ཚེ་སྲོག་ཤོར་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༢༦་རེས་གཟའ་ཟླ་བའི་ཉིན་ཨཕ་སྒ་ནི་སི་ཏན་དང་། པ་ཀི་སི་ཏན། རྒྱ་གར་བཅས་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གསུམ་ནང་། འགུལ་ཚད་རིམ་པ་༧་དང་གྲངས་ཆུང་༧་ཅན་གྱི་ས་འགུལ་རྒྱབ་ཡོད་པ་དང་། ཨ་མི་རི་ཀའི་ས་གཞི་བརྟག་དཔྱད་ཁང་གིས་གསུངས་དོན་ལྟར་ན། ས་འགུལ་གྱི་འབྱུང་ཁུངས་བསྟི་གནས་གཙོ་བོ་དེ་ཨཕ་སྒ་ནི་སི་ཏན་གྱི་རྒྱལ་ས་ནས་སྤྱི་ལེ་༡༦༠་མཚམས་ཀྱི་ས་གནས་Jurmཡིན་པ་ངོས་འཛིན་གནང་འདུག
ཐེངས་འདིའི་ས་ཡོམ་གྱི་རྐྱེན་པས་ཨཕ་སྒ་ནི་སི་ཏན་དང་། པ་ཀི་སི་ཏན་ནང་ད་བར་ཉུང་མཐར་མི་གྲངས་༣༥༠ཙམ་གྱི་ཚེ་སྲོག་ཤོར་ཡོད་པ་དང་། ས་ཡོམ་རྗེས་ཁ་པར་གྱི་བརྒྱུད་ལམ་ཆད་པ་སོགས་ཀྱིས་ཞིབ་ཕྲ་གོད་ཆགས་ག་ཚོད་བྱུང་ཡོད་མེད་གསལ་པོ་ཤེས་རྟོགས་བྱུང་མི་འདུག
ཨཕ་སྒ་ནི་སི་ཏན་གྱི་Badakhshanཞིང་ཆེན་ནང་སྡོད་ཁང་༡༥༠༠་ཙམ་གས་ཐོར་ཕྱིན་པའི་སྐོར་འབྲེལ་ཡོད་མངའ་སྡེའི་སྤྱི་ཁྱབ་འཛིན་སྐྱོང་བ་Shah Wali Adibགྱིས་འགྲེལ་བརྗོད་གནང་འདུག ད་དུང་ས་འགུལ་བྱུང་བའི་སྐབས་Taluqanགྲོང་ཁྱེར་ནང་དུ་ཡོད་པའི་སློབ་གྲྭ་ཞིག་གི་སློབ་ཕྲུག་ཚོ་དངངས་སྐྲག་གོས་བྲོས་བྱོལ་བྱས་བའི་སྐབས། རྡོག་བརྫིས་ཐེབས་ནས་སློབ་ཕྲུག་༡༢་ཀྱི་ཚེ་སྲོག་ཤོར་འདུག
རྒྱ་གར་ནང་དུ་ས་འགུལ་གྱི་ཤུགས་རྐྱེན་བྱུང་ཡོད་ཀྱང་ད་ལྟ་མིའི་ཚེ་སྲོག་ཤོར་བའི་གནས་ཚུལ་གསལ་པོ་མེད་པ་རེད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org