ཞི་བའི་གོམ་བགྲོད་པ་རྣམས་ནས་Bernནང་གི་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་འདུག
སུད་སིའི་གྲོས་ཚོགས་འཐུས་མི་ལི་ས་་མ ཛའོ་ཎེ (Lisa Mazzone) ལགས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག
-
2020-09-12 -
-
-
Your browser doesn’t support HTML5 audio
སུད་སིའི་གྲོས་ཚོགས་འཐུས་མི་ལི་ས་་མ་ཛའོ་ཎེ (Lisa Mazzone) ལགས་ཀྱིས་ཁོང་དང་ཁོང་གི་ཕྱག་རོགས་རྣམས་ཀྱིས་སུད་སིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་སྟབས་བོད་དོན་འཐབ་རྩོད་དུས་ནམ་ཡང་གློད་གཏོང་གནང་རྒྱུ་མེད་སྐོར་སུད་སིའི་གྲོང་ཁྱེར་ཛུ་རིག་ནས་བོད་དོན་ཆེད་ཞི་བའི་གོམ་བགྲོས་གནང་མཁན་བོད་མི་རྣམས་རྒྱལ་ས་Bern ལ་ཕེབས་འབྱོར་སྐབས་གསུངས་འདུག འདི་ཟླའི་ཚེས་༨ཉིན་གྱི་སྔ་དྲོར་སུད་སིའི་ཛུ་རིག་ཚོགས་ཆུང་གི་ཚོགས་གཞོན་བསྟན་རྣམ་ཕུན་ཚོགས་ལགས་ཀྱིས་སྣེ་ཁྲིད་འོག་སྤེན་པ་ཚེ་རིང་ལགས་དང་བཀྲིས་རྣམ་རྒྱལ་ལགས། དགེ་ལེགས་རྣམ་རྒྱལ་ལགས་དང་བློ་བཟང་ལགས་བཅས་བོད་མི་ལྔ་ཡིས་གྲོང་ཁྱེར་ཛུ་རིག་ནང་ཡོད་རྒྱ་ནག་གི་དོན་གཅོད་ཁང་མདུན་ངོ་རྒོལ་སྐད་འབོད་གནང་བའི་རྗེས་སུ་བོད་དོན་ཆེད་གྲོང་ཁྱེར་Genevaའི་བར་སྤྱི་ལེ་༣༠༠་ལྷག་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་དབུ་འཛུགས་གནང་ཡོད་པ་དང་འདི་ཟླའི་ཚེས་༡༡་ཉིན་ཁོང་རྣམས་རྒྱལ་སར་ཕེབས་འབྱོར་སྐབས་ས་གནས་བོད་མི་རྣམས་ཀྱིས་དགའ་བསུ་ཞུས་པ་དང་ཁོང་རྣམས་ཀྱིས་མ་སྐུལ་དང་བླངས་སྒོ་ནས་བོད་དོན་ལས་འགུལ་སྤེལ་བར་ཡིད་རང་བསྔགས་བརྗོད་སོགས་གནང་འདུག ཡང་སྐབས་དེར་སུད་སིའི་གྲོས་ཚོགས་གོང་མའི་ལྗངས་ཁུ་ཚོགས་པའི་ཚོགས་གཞོན་ལྕམ་ལི་ས་ མ་ཛའོ་ཎེ་(Lisa Mazzone) ལགས་ཀྱིས་བོད་མི་མང་གི་ཐོབ་ཐང་ལ་གུས་བརྩི་ཞུ་དགོས་སྟབས། བོད་དང་བོད་མིའི་རང་དབང་ཆེད་འཐབ་རྩོད་གནང་རྒྱུ་དུས་ནམ་ཡང་བློས་གཏོང་གནང་རྒྱུ་མིན་པ་དང་འཐབ་རྩོད་མུ་མཐུད་ནས་གནང་གལ་ཆེ་བའི་སྐོར་གསུངས་འདུག ད་དུང་ཁོང་གིས་རྒྱ་ནག་ནང་གི་གནས་སྟངས་སྤྱི་དང་ལྷག་དོན་དུ་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན། ཧོང་ཀོང་ནང་གདུག་རྩུབ་དྲག་གནོན་ཆེ་བའི་སྲིད་ཇུས་འཛིན་པའི་རྐྱེན་གྱིས་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པར་ཐུགས་ཚབས་ཆེན་པོ་ཡོད་སྐོར་གསུངས་པ་མ་ཟད། ཁོང་ནི་སུད་སིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་ཧུར་བརྩོན་པ་ཞིག་ཡིན་སྟབས་བོད་རང་བཙན་སླར་གསོའི་ཆེད་དང་བོད་ནང་གི་བོད་མིའི་རང་དབང་ཐོབ་ཐང་དང་སུད་སིའི་ནང་གི་བོད་མིའི་ཐོབ་ཐང་ཆེད་ཕྱག་ལས་མུ་མཐུད་གནང་རྒྱུ་དང་སུད་སི་གཞུང་གིས་ཁེ་བཟང་ལས་འགྲོ་བ་མིའི་ཐོབ་ཐང་གལ་གནད་ཆེ་བར་རྩིས་དགོས་པའི་དགོས་འདུན་ཡང་བཏོན་གནང་འདུག ཡང་ཞི་བའི་གོམ་བགྲོད་གནང་མཁན་བོད་མི་རྣམས་ཀྱིས་རྒྱལ་ས་སྦེན་(Bern) ནང་ཡོད་རྒྱ་ནག་གཞུང་ཚབ་ཁང་ལ་བོད་དོན་ཞུ་གཏུགས་ཀྱི་སྙན་ཞུ་ཞིག་ཕུལ་ཡོད་པ་དང་དེའི་ནང་བོད་ཀྱི་གནད་དོན་ཞི་བའི་ཐོག་ནས་སེལ་ཐབས་སུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་རྒྱ་ནག་གཞུང་གིས་དོན་དམ་པའི་འབྲེལ་མོལ་ཞུ་དགོས་སྐོར་འཁོད་ཡོད་པ་རེད། ཞི་བའི་གོམ་བགྲོད་པ་རྣམས་འདི་ཟླའི་ཚེས་༡༨་ཉིན་གྲོང་ཁྱེར་ཇི་ནི་ཝའི་ནང་ཕེབས་སྐབས་མཉམ་འབྲེལ་རྒྱལ་ཚོགས་དང་སུད་སིའི་དབུས་གཞུང་། དེ་བཞིན་རྒྱ་ནག་གཞུང་ཚབ་བཅས་ལ་བོད་དོན་དང་འབྲེལ་བའི་སྙན་ཞུ་ཁག་འབུལ་འཆར་ཡོད་པའི་གནས་ཚུལ་འདུག།།