ཁཱ་ན་ཊའི་གྲོས་ཚོགས་ནང་མཁན་པོ་གློད་བཀྲོལ་ཆེད་ཞུ་འབོད།
ཁཱ་ན་ཊའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཡུལ་དེའི་གྲོས་ཚོགས་ནང་རྒྱ་ནག་གིས་མཁན་པོ་ཀརྨ་ཚེ་དབང་གློད་བཀྲོལ་ཆེད་ཞུ་འབོད་གནང་འདུག
-
2014-04-11 -
-
-
Your browser doesn’t support HTML5 audio
ཁཱ་ན་ཊའི་གྲོས་ཚོགས་ཀྱི་འཐུས་མི་ཞིག་གིས་ཡུལ་དེའི་གྲོས་ཚོགས་ནང་རྒྱ་ནག་གིས་མཁན་པོ་ཀརྨ་ཚེ་དབང་གློད་བཀྲོལ་ཆེད་ཞུ་འབོད་གནང་འདུག
དེ་ཡང་ཚེས༩ཉིན་ཁཱ་ན་ཊའི་གྲོས་ཚོགས་ཀྱི་འཐུས་མི་Peggy Nashམཆོག་ཡུལ་དེའི་གྲོས་ཚོགས་ཀྱི་ཚོགས་རའི་ནང་ཡར་ལངས་ནས་ཁོང་མོའི་འོས་བསྡུ་ས་ཁུལ་གྱི་མི་དམངས་མང་པོའི་རེ་འདུན་ལྟར། ཁཱ་ན་ཊའི་ཕྱི་སྲིད་ལྷན་ཁང་གིས་རྒྱ་ནག་གཞུང་ལ་ད་ལྟ་ཁོང་ཚོས་བཙོན་འཇུག་བྱས་བསྡད་ཡོད་པའི་ནང་ཆེན་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་འམ་ཀརྨ་ཚེ་དབང་ལགས་གང་མགྱོགས་གློད་བཀྲོལ་ཡོང་ཐབས་ཆེད་འབོད་བསྐུལ་གནོང་རོགས་ཞུ་བཞིན་ཡོད་ཅེས་དང་། ད་དུང་ཁོ་མོས་མཁན་པོ་ཀརྨ་ཚེ་དབང་ལགས་ནི་བོད་ནང་ཆ་རྒྱུས་ཆེན་པོ་ཡོད་པའི་བོད་ཀྱི་ཆོས་དང་རིག་གནས། སྐད་ཡིག་སོགས་ཀྱི་ཐོག་སྐུ་ངལ་མཛད་མེད་ཀྱི་ཕྱག་ལས་མང་པོ་གནང་མྱོང་མཁན་ཞིག་ཡིན་པ་དང་། ཁོང་སྤྱི་ལོ་༢༠༡༣ལོའི་སྤྱི་ཟླ་༡༢་བའི་ནང་རྒྱ་ནག་གིས་འཇུ་བཟུང་བྱས་བའི་བཀག་ཉར་འོག་ད་ལྟའི་སྐབས་སུ་མཁལ་མ་ནད་པ་ཆག་ནས་སྐུ་གཟུགས་ཀྱི་གནས་བབས་ཚབས་ཆེན་ཡིན་པ་མ་ཟད། རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་ཀྱང་གནང་འཇུག་གི་མེད་པར་བརྟེན་ཁོང་འཕྲལ་དུ་གློད་བཀྲོལ་ཡོང་དགོས་བའི་ཞུ་འབོད་བྱེད་བཞིན་པ་ཡིན། དེ་བཞིན་རྒྱ་ནག་དུ་ཡོད་པའི་ཁཱ་ན་ཊའི་གཞུང་ཚབ་ཆེན་མོ་༢༠༡༣ལོའི་སྤྱི་ཟླ་༩པའི་ནང་བོད་ནང་བསྐྱོད་སྐབས་ཀྱི་གནས་ཚུལ་དང་མྱོང་ཚུལ་སྐོར་ཇི་བྱུང་གསལ་བཤད་ཡོང་བའི་རེ་སྐུལ་ཡང་ཞུ་བཞིན་ཡོད་པ་སོགས་ཞུ་འབོད་གནང་འདུག
མཁན་པོ་ཀརྨ་ཚེ་དབང་ལགས་ད་ལྟ་ཆབ་མདོའི་བཀག་ཉར་ཁང་ན་ཡོད་པའི་ཚོད་དཔག་བྱེད་བཞིན་པ་དང་། དེ་སྔོན་ནང་ཆེན་རྫོང་ཇ་པ་དགོན་པའི་གྲྭ་མང་དང་། ས་གནས་མི་མང་ཚོས་ཡང་ཡང་མཁན་པོ་ཁོང་གློད་བཀྲོལ་ཡོང་བའི་རེ་འབོད་ཞུ་གཏུགས་བྱས་ཡོད་ཀྱང་ད་བར་ཕན་ནུས་ཐོན་མེད་པ་རེད།
གསར་འགོད་པ་རྡོ་རྗེ་དགྲ་འདུལ།