སྲིད་གཞུང་ལས་ཁུངས་ཀྱི་སྒོ་ཆེན་ལ་གནམ་བཏགས་རྒྱབ་ནས་ཤི་འདུག


2015.01.28
ནང་སོག་པ་ཞིག་གིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་སྲིད་གཞུང་ལས་ཁུངས་ཀྱི་སྒོ་ཆེན་ལ་གནམ་བཏགས་རྒྱབ་པ། ༢༠༡༥།༡།༡༩ ནང་སོག་པ་ཞིག་གིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་སྲིད་གཞུང་ལས་ཁུངས་ཀྱི་སྒོ་ཆེན་ལ་གནམ་བཏགས་རྒྱབ་པ། ༢༠༡༥།༡།༡༩
SMHRIC

ནང་སོག་པ་ཞིག་གིས་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད་སྲིད་གཞུང་ལས་ཁུངས་ཀྱི་སྒོ་ཆེན་ལ་གནམ་བཏགས་རྒྱབ་ནས་ཤི་འདུག
དེ་ཡང་ཨ་མི་རི་ཁའི་ནང་རྟེན་གཞི་བྱེད་པའི་སོག་ཡུལ་ལྷོ་ཕྱོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བསྟི་གནས་ཁང་གིས་གནས་ཚུལ་ཞིག་བཏོན་ཡོད་པའི་ནང། འདས་པའི་དུས་རིང་ལ་སོག་པོའི་ཕྱུགས་རྫི་བ་ཁག་ཅིག་གིས་སོག་ཡུལ་ནང་རྒྱ་ནག་གཞུང་གིས་ས་ཆ་གང་བྱུང་བཙན་འཕྲོག་བྱས་པར་ངོ་རྒོལ་སྐད་འབོད་ཀྱི་རྔམ་སྟོན་ཁྲོམ་སྐོར་སོགས་ཐེངས་འགའ་ཤས་བྱས་ཡོད་པ་དང་། ཕྱོགས་མཚུངས་ཁ་སྔོན་སྤྱི་ཟླ་༡་ཚེས་༡༩་ཉིན་ལོ་གྲངས་༤༥་སོན་པའི་Tumurཟེར་བའི་སོག་པོའི་ཡུལ་མི་ཞིག་གིས་རྒྱ་ནག་གི་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་མཚོན་ཆེད། ས་གནས་རྒྱ་ནག་གི་སྲིད་གཞུང་ལས་ཁུངས་ཀྱི་སྒོ་ཆེན་ལ་གནམ་བཏགས་བརྒྱབ་ནས་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད།
དེ་བཞིན་སོག་པོའི་ཕྱུགས་རྫི་བ་༣༠༠་ལྷག་ཙམ་ཞིག་གིས་གྲོང་ཁྱེར་བསྟི་གནས་Hohhot ལ་ཡོད་པའི་གཞུང་གི་ལས་ཁང་མདུན་མཉམ་མཛོམས་ཀྱིས་གཞུང་གི་འགོ་ཁྲིད་ཀྱིས་ལྐོག་ཟ་རུལ་སུངས་དང་། ས་གནས་མི་མང་གི་ས་ཆ་བཙན་འཕྲོག་བྱེད་པར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་ཀྱང་སྤེལ་ཡོད་པ་རེད།
དེ་སྐབས་རྒྱ་ནག་གི་ཉེན་རྟོག་སྲུང་སྐྱོབ་དམག་མི་༢༠༠་སྐོར་སླེབས་ནས་དྲག་གནོན་བྱས་ཐོག་ངོ་རྒོལ་བྱེད་མི་ཕྱུགས་རྫི་བ་༣༠ཙམ་ཞིག་འཛིན་བཟུང་བྱས་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་བ་བཀོད་འདུག

གསར་འགོད་པ་ཕྲ་རིང་བསྟན་ནོར།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎