བན་སྔགས་མང་པོར་ཁྲིམས་ཐག
2013.06.03
༄༅༎བོད་ནས་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ཅོང་ཆུ་ས་ཁུལ་གྱི་གསང་སྔགས་བསྟན་རྒྱས་ནོར་བུ་གླིང་གི་བན་སྔགས་རྣམས། ད་ལོའི་ཕྱི་ཟླ༢པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་དང་། ཕྱི་ཟླ་གསུམ་པའི་ནང་ཐེམ་ཆེན་རྫོང་སུ་རུ་ཡུལ་ཚོ་ནས་ཡིན་པའི་གྲྭ་བ་ཤེས་རབ་ཡང་འཛིན་བཟུང་བྱས་ཏེ་རིམ་བཞིན་ཁོང་རྣམས་ལ་བཙོན་འཇུག་གི་ཁྲིམས་ཐག་ལྗི་མོ་བཅད་ཡོད་འདུག ཉེ་ཆར་ཐེམ་ཆེན་རྫོང་མི་མང་ཁྲིམས་ཁང་གིས། ཐེམ་ཆེན་རྫོང་ཅོང་ཆུ་གྲོང་བརྡལ་གྱི་གྲྭ་བ་བྱམས་པ་ལ་ལོ་དྲུག་དང་། སུ་རུ་ཡུལ་ཚོའི་གྲྭ་བ་ཤེས་རབ་ལ་ལོ་ལྔ། དཔོན་ཕུན་ཚོགས་ལ་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང༌། གཞན་དག་རྣམས་ལ་རིམ་པ་དམའ་བའི་ཁྲིམས་ཐག་བཅད་ཡོད་པ་རེད། འཛིན་བཟུང་བྱས་དགོས་པའི་རྒྱུ་མཚན་ནི། ཕྱི་ཟླ་གཉིས་པའི་ནང་གྲྭ་བ་བྱམས་པ་དང་གཞན་གསང་སྔགས་བསྟན་རྒྱས་ནོར་བུ་གླིང་གི་སྔགས་པ་རྣམས་ཀྱིས་དགོན་པ་དེའི་ནང་ཆོས་དར་བཙུགས་པ་དང་། ས་གནས་དེའི་བདེ་འཇགས་ལྟ་སྲུང་བ་བོད་མི་དེས་རྫོང་སྤྱི་བདེ་ལས་ཁུངས་ལ་འབྲེལ་གཏུག་བྱས་པའི་མཐར། ཁོང་ཚོས་རྒྱལ་ཁབ་ཁ་བྲལ་དང་སྤྱི་ཚོཊ་གཏན་འཇཊ་ལ་གཏོར་བརླག་བཏང་ཡོད་ཚུལ་གྱི་ནག་མིང་འོག་འཛིན་བཟུང་བྱས་ཡོད་པ་རེད།།