རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་ཆོས་ལུགས་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་གསུངས་འདུག

རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་དང་བསྟུན་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་རྣམ་གཉིས་ཀྱིས་ཆོས་དད་དང་ཡིད་ཆེས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་གསུངས་འདུག

རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་ཆོས་ལུགས་དང་ཡིད་ཆེས་ཀྱི་རང་དབང་གླེང་པ། སྒྲིག་བཟོ། ཀླུ་འབུམ། /state.gov

རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་དང་བསྟུན་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་རྣམ་གཉིས་ཀྱིས་ཆོས་དད་དང་ཡིད་ཆེས་ཀྱི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡིན་པ་གསུངས་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༢༧ཉིན་མོ་དེ་བཞིན། རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད་པ་དང་བསྟུན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་སྦིལན་ཀེན་(Antony Blinken)་མཆོག་གིས་(X)་དྲྭ་རྒྱ་བརྒྱུད་ནས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་ཉིན་མོ་འདིར་ང་ཚོས་མི་ཚང་མའི་ཆོས་ལུགས་ལ་ཡིད་ཆེས་ཀྱི་རང་དབང་སྲུང་སྐྱོབ་བྱེད་མཁན་ཚོར་གུས་བཀུར་བྱེད་བཞིན་ཡོད་ལ། ཆོས་ལུགས་དད་མོས་རང་དབང་དང་ཡིད་ཆེས་ཀྱི་རང་དབང་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཅེས་བཀོད་འདུག
དེ་བཞིན་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨ་རིའི་གཏན་འཇགས་སྐུ་ཚབ་(Michele Taylor)་ལགས་ཀྱིས་ཀྱང་(X)་དྲྭ་རྒྱ་བརྒྱུད། ང་ཚོས་བོད་ནང་གི་བོད་མི་ནང་པ་དང་། ཤིན་ཅིང་གི་ཡུ་གུར་ཁ་ཆེ་བ་བཅས་ཚུད་པའི་འཛམ་གླིང་སྟེང་ཆོས་དད་རང་དབང་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡིན་ལ། ཆོས་ལུགས་ཀྱི་ཞེ་འཁོན་དང་། དབྱེ་འབྱེད་གང་རུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡོད་ཅེས་བྲིས་གནང་འདུག

རྒྱ་ནག་གཞུང་གིས་བོད་ནང་བོད་ཀྱི་སྐད་དང་རིག་གཞུང་། བོད་བརྒྱུད་ནང་བསྟན་བཅས་རྒྱ་ནག་ཅན་ཏུ་སྒྱུར་རྒྱུའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།


གསར་འགོད་པ། འཆི་མེད།
རྩོམ་སྒྲིག་པ། དོན་གྲུབ་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org