རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་གི་རང་བཞིན་ལ་བློ་འཚབ་ཤུགས་ཆེ་ཡོད་པ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་སྲོག་འཛིན་Oxygenགི་རླུང་མཁོ་འདོན་གྱི་འཕྲུལ་ཆས་དང་གཞན་ཡང་འཕྲལ་སེལ་གྱི་སྨན་ཁང་རྒྱག་རྒྱུའི་གུར་དེ་བཞིན་ཁ་རས་ཀྱི་མཚོན་སྨན་བཅོས་ཀྱི་དགོས་མཁོ་ཁག་ཅིག་མཁོ་འདོན་གནང་རྒྱུ་བྱུང་སྐོར་གསུང་ཡོད་པ་རེད།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་གི་རང་བཞིན་ལ་བློ་འཚབ་ཤུགས་ཆེ་ཡོད་པ། དྷི་ཕེ་ཌེ་རེ་ལིསཊ།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་Tedros Ghebreyesus གིས་རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པའི་ཛ་དྲག་གི་རང་བཞིན་ལ་བློ་འཚབ་ཤུགས་ཆེ་ཡོད་པ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་གར་ལ་སྲོག་འཛིན་Oxygenགི་རླུང་མཁོ་འདོན་གྱི་འཕྲུལ་ཆས་དང་གཞན་ཡང་འཕྲལ་སེལ་གྱི་སྨན་ཁང་རྒྱག་རྒྱུའི་གུར་དེ་བཞིན་ཁ་རས་ཀྱི་མཚོན་སྨན་བཅོས་ཀྱི་དགོས་མཁོ་ཁག་ཅིག་མཁོ་འདོན་གནང་རྒྱུ་བྱུང་སྐོར་བརྗོད་ཡོད་པ་རེད།

རྒྱ་གར་ནང་ཏོག་དབྱིབས་གཉན་རིམས་ཀྱི་ནད་རླབས་གཉིས་པ་དེ་ཛ་དྲག་ཇེ་ཆེར་ཁྱབ་གདལ་འགྲོ་བཞིན། རེས་གཟའ་པ་སངས་ཉིན་ལ་མཚོན་ནའང་། ནད་པ་གསར་པ་འབུམ་གསུམ་དང་ཁྲི་བཞི་ལྷག་ཙམ་ཐོན་ཡོད་པ་གསལ་སྟོན་གནང་གི་ཡོད་འདུག

རྒྱ་གར་ནང་སྔ་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༩་བར། རྒྱལ་ཁབ་ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་གྲངས་འབོར་དེ་ས་ཡ་བཅུ་བྱུང་ཡོད་པ་དང་། འོན་ཀྱང་ཉེ་བའི་ཟླ་བ་དྲུག་ཉེ་བའི་དུས་ཡུན་ནང་ནད་རླབས་གཉིས་པ་དེ་ཁྱབ་ཚད་ཆེན་པོ་ཞིག་འགྱུར་ཏེ་ད་ཆ་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་ཕོག་པའི་གཞུང་འབྲེལ་གྲངས་ཐོ་དེ་ས་ཡ་༢༤བརྒལ་འགྲོ་ཡི་ཡོད་པ་དང་། དེ་ཡང་དངོས་དོན་གཞུང་ལ་གསལ་སྟོན་མེད་པའི་གྲངས་འབོར་དེ་དེ་བས་གཞི་རྒྱ་ཆེ་བ་ཡོད་སྲིད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། ད་བར་འདས་གྲོངས་ཕྱིན་པའི་ནད་པའི་གྲངས་འབོར་དེ་འབུམ་གཉིས་དང་ཁྲི་དྲུག་ལྷག་བྱུང་ཡོད་འདུག

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གཉན་རིམས་ཀྱི་ནད་རླབས་གཉིས་པ་དེ་ཛ་དྲག་ཆེ་བ་ཡོད་པ་དང་། ད་ལྟ་རྒྱ་གར་ལ་འཕྲད་བཞིན་པའི་དཀའ་ངལ་དང་མཚུངས་པ་ཉེ་ཁུལ་བལ་ཡུལ་དང་གཞན་ཡང་ཤྲི་རི་ལངྐ། དེ་བཞིན་Cambodia, Vietnam, Thailand, Eypgtདང་། ལྷོ་ཨ་མི་རི་ཀའི་མངའ་ཁུལ་རྒྱལ་ཁབ་ཁག་དང་ཡང་ཨཕ་རི་ཀའི་མངའ་ཁུལ་རྒྱལ་ཁབ་ཁག་ཏུའང་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་དེ་ཛ་དྲག་ཆེ་རུ་འགྲོ་སྲིད་པའི་གནད་དོན་ལ་བློ་འཚབ་གང་ཆེ་ཡོང་གི་ཡོད་པ་དང་། ནད་ཡམས་སྔོན་འགོག་གི་ཐད་ལ་རོགས་སྐྱོར་གང་ཐུབ་གནང་བཞིན་ཡོད་ལུགས་གསུང་གི་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་Tedro Ghebreyesusཡིས་ནད་ཡམས་སྔོན་འགོག་གི་ཐད་སྨན་ཁབ་རྒྱབ་དགོས་ཀྱི་ཡོད་པས་ད་ལྟ་དཀའ་ངལ་ཆེ་ཤོས་ཤིག་སྔོན་འགོག་གི་སྨན་ཁབ་འདེང་ངེས་བཞིན་པ་མཁོ་འདོན་ཐུབ་ཐབས་ཀྱི་ཐད་ལ་དཀའ་ངལ་འཕྲད་ཀྱི་ཡོད་པ་གསལ་སྟོན་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org