རྒྱ་དཀར་ནག་གཉིས་ཀྱི་རྒྱལ་སྲུང་བློན་ཆེན་དབར་ས་མཚམས་དཀའ་རྙོག་གི་ཐོག་གླེང་མོལ་གནང་འདུག

རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་གྱིས་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ར་ཤི་ཡའི་རྒྱལ་ས་མོས་ཀོའི་ནང་མཇལ་འཕྲད་གནང་བའི་རྗེས་སུ་ཡུལ་གྲུ་གཉིས་ཀྱི་ས་མཚམས་ཁུལ་ལ་ཛ་དྲག་གི་དངངས་ཚབ་ཇེ་ཆེར་འགྲོ་བཞིན་པའི་ལེ་ཁག་རྒྱ་གར་ལ་ཡོད་སྐོར་བརྗོད་འདུག

རྒྱ་དཀར་ནག་གཉིས་ཀྱི་བདེ་སྲུང་བློན་ཆེན། སྒྲིག་བཟོ།

ར་ཤི་ཡའི་རྒྱལ་ས་མོས་ཀོའི་ནང་ཧྲང་ཧ་ཡེ་མཉམ་ལས་སྒྲིག་འཛུགས་ཀྱི་ཚོགས་འདུའི་ཞོར་འཕྲོད་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་Wei Fenghe དང་རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་Rajnath Singh རྣམ་གཉིས་དབར་ཕྱག་ཚོད་གཉིས་རིང་ས་མཚམས་ཁུལ་གྱི་རྩོད་རྙོག་སེལ་ཐབས་ཆེད་བཀའ་མོལ་གནང་བའི་རྗེས་སུ་རྒྱ་ནག་གི་བདེ་སྲུང་བློན་ཆེན་གྱིས་ཉེ་དུས་ཡུལ་གྲུ་གཉིས་དབར་གདོང་ཐུག་བྱུང་བའི་ལེ་ཁག་རྒྱ་གར་ལ་ཡོད་སྐོར་གཟའ་པ་སངས་ཉིན་བརྗོད་ཡོད་ཅིང་། ཁོ་པས་དེང་སྐབས་ས་མཚམས་ཁུལ་ལ་ཛ་དྲག་གི་དངངས་འཚབ་ཡོད་པའི་རྒྱུ་རྐྱེན་དང་བདེན་པའི་གནས་ཚུལ་ཁག་ཧ་ཅང་གསལ་པོ་ཡིན་པ་དང་དེའི་འགན་ཡོངས་རྫོགས་རྒྱ་གར་ལ་ཡོད་སྐོར་བརྗོད་པ་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་དེ་ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་གསར་ཤོག་གིས་ལུང་འདྲེན་བྱས་འདུག  རྒྱལ་སྲུང་བློན་ཆེན་གཉིས་དབར་མཇལ་འཕྲད་གནང་བ་དེ་ནི་འདི་ལོའི་ཕྱི་ཟླ་༦་པའི་ནང་ཡུལ་གྲུ་གཉིས་དབར་ལ་དྭགས་ཀྱི་ས་མཚམས་ཁུལ་ལ་གདོང་ཐུག་བྱུང་བའི་རྗེས་སུ་ཡུལ་གཉིས་ཀྱི་ཆབ་སྲིད་མི་སྣ་མཐོ་གྲས་དབར་ངོ་ཐུག་གྲོས་མོལ་གནང་བ་ཐེངས་དང་པོ་དེ་ཡིན་འདུག  རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་Wei ཡིས་གཟའ་པ་སངས་ཉིན་གྱི་སྔ་དྲོར་ཡུལ་གྲུ་གཉིས་དབར་ཛ་དྲག་གི་དངངས་འཚབ་ཡོད་པ་དེ་དག་ཞི་འཇམ་དུ་གཏོང་ཐབས་ཆེད་གྲོས་མོལ་བྱེད་དགོས་པ་གལ་ཆེ་ཡིན་ལུགས་བརྗོད་ན་ཡང་། རྒྱ་ནག་གིས་ཡུལ་དེའི་ས་ཆ་ཨིན་ཅི་གཅིག་ཀྱང་ཤོར་འཇུག་རྒྱུ་མིན་པ་དང་རྒྱ་མིའི་དམག་མིས་རྒྱ་ནག་གི་ས་ཆའི་བདག་དབང་སྲུང་སྐྱོབ་བྱ་རྒྱུའི་ཆོད་སེམས་དང་ནུས་པ་སྲུང་སྐྱོབ་བྱེད་ཐུབ་པའི་གདེང་ཚོད་དང་ཡིད་ཆེས་ཆ་ཚང་ཡོད་ལུགས་དང་ས་མཚམས་ཁུལ་ལ་ཞི་བདེ་བག་ཕེབས་རྒྱུན་ཁྱོངས་ཡོང་བའི་སླད་དུ་ཡུལ་གཉིས་མཉམ་དུ་ལས་ཀ་བྱེད་དགོས་པ་དང་ད་དུང་ཛ་དྲག་གི་གནས་སྟངས་དེ་ཆེ་རུ་མི་འགྲོ་བའི་དོན་དུ་རྒྱ་གར་གྱིས་འཁྲུག་རྐྱེན་སློང་གཞི་དང་ངན་ཕྱོགས་ཀྱི་དྲིལ་བསྒྲགས་བྱ་རྒྱུ་མེད་སྐོར་རྒྱ་གར་གྱི་བདེ་སྲུང་བློན་ཆེན་Rajnath Singh ལ་བརྗོད་པ་ཡང་ལུང་འདྲེན་བྱས་འདུག

རྒྱ་གར་གྱི་རྒྱལ་སྲུང་བློན་ཆེན་ Singh མཆོག་གིས་གྲོས་མོལ་རྗེས་ས་མཚམས་ཁུལ་ལ་ཞི་བདེ་ལྷིང་འཇགས་གང་མགྱོགས་སླར་གསོ་ཡོང་བའི་ཆེད་ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་དང་དམག་དོན་རིམ་པ་སོགས་བརྒྱུད་ནས་གྲོས་མོལ་མུ་མཐུད་ནས་གནང་དགོས་སྐོར་ད་རིང་གཟའ་སྤེན་པའི་ཉིན་Tweet གནང་བ་རྒྱ་གར་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org