བོད་མཚོ་སྔོན་ཁུལ་དུ་གླང་ཤ་འབོར་ཆེན་ཞིག་ལ་ཏོགས་དབྱིབས་ནད་དུག་འགོས་ཡོད་པ།

ཀོཝིཊི༡༩ཏོག་དབྱིབས་ནད་དུག་འགོས་པའི་གླང་ཤ་འབོར་ཆེན་ཞིག་མཚོ་སྔོན་དང་སི་ཁྲན།ཀན་བསུ་བཅས་ཀྱི་བོད་མིའི་འབྲོག་རྫོང་ཁག་ཏུ་ཁྱབ་ཡོད་པས་རྒྱ་ནགགཞུང་གིས་ཞིབ་བཤེར་དང་བོད་མི་མང་པོ་ཟུར་བཀག་གི་གནས་ཚུལ་འཐོན་བཞིན་པ།

ཀོཝིཊི༡༩ཏོག་དབྱིབས་ནད་དུག་འགོས་པའི་གླང་ཤ་འབོར་ཆེན་ཞིག་མཚོ་སྔོན་དང་སི་ཁྲན།ཀན་བསུ་བཅས་ཀྱི་བོད་མིའི་འབྲོག་རྫོང་ཁག་ཏུ་ཁྱབ་ཡོད་པས་རྒྱ་ནགགཞུང་གིས་ཞིབ་བཤེར་དང་བོད་མི་མང་པོ་ཟུར་བཀག་གི་གནས་ཚུལ་འཐོན་བཞིན་པ། བོད་ནས་བཏང་འབྱོར།

རྒྱ་ནག་གཞུང་འབྲེལ་གྱི་རྔ་བ་བོད་རིགས་རང་སྐྱོང་ས་ཁུལ་དང་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་བཅས་ཀྱི་གསར་ལམ་ཁག་ཏུ་འཁོད་པའི་གནས་ཚུལ་ལྟར་ན།ཉེ་ལམ་ལྷོ་ཨ་མེ་རི་ཀའི་ཨར་ཇན་ཊི་ནཱ་རྒྱལ་ཁབ་ནས་ནང་འདྲེན་གྱི་གླང་ཤ་འབོར་ཆེན་ཞིགམཚོ་སྔོན་ཞིང་ཆེན་གྱི་ན་གོར་མོ་དང་ཡུལ་ཤུལ།ཁྲི་འདུ་རྫོང་།འབའ་རྫོང་བཅས་ཀྱི་ནང་ཁྱབ་ཡོད་པ་མ་ཟད།ཀན་ལྷོ་ཁུལ་གྱི་རྨ་ཆུ་རྫོང་དང་རྔ་བ་ཁུལ་གྱི་རྔ་བ་རྫོང་དང་ཁྱུང་མཆུ་རྫོང་།མཛོད་དགེ་རྫོང་བཅས་ཀྱི་ནང་ཡང་ཁྱབ་ཡོད་པས།རྨ་ཆུ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་དེ་ལ་ཆེད་དུ་བརྟག་དཔྱད་བྱས་པརའཁྱག་ཤ་དེ་ཚོར་ཏོག་དབྱིབས་ནད་དུག་འགོས་པ་ཤེས་རྟོགས་ཀྱིས་རིམས་ནད་ཅན་གྱི་དངོས་ཟོག་གྲས་སུ་བཅུག་ཡོད་པ་དང་།རྨ་ཆུ་རྫོང་དང་མཛོད་དགེ་རྫོང་།ཁྱུང་མཆུ་རྫོང་།རྔ་བ་རྫོང་བཅས་སུ་རྟོག་དཔྱོད་གང་སར་བྱེད་བཞིན་པ་མ་ཟད།ཤ་ཚོང་མཁན་དང་ཉོ་མཁན།དེ་ཚོ་ལ་འབྲེལ་བ་བྱུང་མཁན་ལ་སོགས་ཟུར་བཀག་ཏུ་བཞག་ཡོད་པ་སོགས།རྨ་ཆུ་རྫོང་གི་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འགྲེལ་བརྗོད་གནང་གི་འདུག

ཡང་ཁྱུང་མཆུ་རྫོང་དང་རྔ་བ་རྫོང་བཅས་སུ་ཟ་ཁང་ཁག་ཏུ་རྟོག་ཞིབ་བྱེད་བཞིན་པ་ཡིན་ནའང་།ད་ལྟའི་ཆར་ཤ་དེ་ཟོས་ནས་མི་ལ་ན་ཚ་འགོས་ཁྱབ་ཀྱི་གནས་ཚུལ་འདྲ་གོ་ཐོས་མི་འདུག་ཅེས།ཁྱུང་མཆུ་རྫོང་གི་བོད་མི་ཞིག་གིས་འགྲེལ་བརྗོད་གནང་གི་འདུགགཞན་ཡང་རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་གསར་ཁང་གིས་སྤེལ་བའི་གནས་ཚུལ་ནང་།རྔ་བ་རྫོང་གཅིག་པུའི་ནང་ཤ་དེ་རྒྱ་མ་དྲུག་སྟོང་ལྷག་ཁྱབ་ཡོད་པ་མ་ཟད།ཕྱོགས་མཚུངས་མཛོད་དགེ་དང་ཁྱུང་མཆུ་ལའང་ཁྱབ་ཡོད་པས།ཤ་ཚོང་མཁན་དང་འབྲེལ་བ་བྱུང་བའི་སྡེ་ཚན་དང་མི་སྒེར་གྱིས།རང་འགུལ་གྱིས་རྒྱ་ནག་གཞུང་ལ་སྙན་སེང་ཞུ་དགོས་པ་ལས།གནས་ཚུལ་གསང་བ་དང་རྫུན་བཟོ་བྱས་པ།སྙན་སེང་མ་ཞུས་པ་སོགས་བྱུང་ན།ཁྲིམས་ལྟར་བརྡ་འདེད་གཏོང་རྒྱུ་ཡིན་པ་དང་།འབྲེལ་གཏུག་བྱས་མྱོང་བ་ཚོས་རང་འགུལ་ངང་སོ་སོ་ཟུར་བཀག་བྱ་དགོས་པ་སོགས་འཁོད་ཡོད་པ་མ་རེད།

ཡང་ཀན་ལྷོ་ཁུལ་གྱི་གསར་འགྱུར་ལམ་དུ་རྨ་ཆུ་རྫོང་གིས་ཤའི་མཛོད་ཁང་དེར་དོ་དམ་དང་བརྟག་དཔྱད།དུག་སེལ་བཅས་བྱས་ཡོད་པ་མ་ཟད།ད་ཆ་མི་ལ་དངོས་སུ་ན་ཚ་འགོས་པའི་གནས་ཚུལ་མེད་པ་དང་།དངོས་སུ་འབྲེལ་ཐུག་གི་མི་སྣ་ཚོ་ཟུར་བཀག་བྱས་པ་སོགས་འཁོད་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་འཁོད་པ་གཞིར་བཟུང་ན།ཏོག་དབྱིབས་རིམས་ནད་འགོས་པའི་འཁྱག་ཤ་དེ་ཚོའི་ཐོན་ཁུངས་ནི།ཨར་ཇཱན་ཊི་ནཱ་རྒྱལ་ཁབ་ནས་ཡིན་པ་དང་།ཤའི་རིགས་ནི་ཟོག་ཤ་དང་རྩིབས་རུས་ཡིན་པ།འཁྱག་ཉར་གྱི་དུས་ཚོད་ནི་སྤྱི་ལོ་༢༠༢༠ལོའི་ཟླ་བ་༨པའི་ཚེས་༢༨ཉིན་ཡིན་པ་དང་།ཤ་དེ་ཚོར་ཆེ་ཆུང་མི་འདྲ་བའི་སྒམ་རིགས་བཞི་ཡོད་པ་སོགས་བྲིས་ཡོད་པ་རེད།རྒྱ་ནག་རྒྱལ་ཡོངས་སུ་སྤྱི་ཟླ་༡ཚེས་༡༩ཉིན་ཏོག་དབྱིབས་རིམས་ནད་གསར་འགོས་ཀྱི་མི་གྲངས་༩༩༠༢༦དང་།འདས་གྲོངས་སུ་གྱུར་པ་མི་གྲངས་༤༨༠༥ཡིན་ཅིང་།བོད་ནང་རྒྱ་ནག་གཞུང་གི་དམ་དྲག་གི་དབང་གིས་ཏོག་དབྱིབས་ནད་པའི་གྲངས་འབོར་ཤེས་རྟོགས་མི་ཐུབ་པར་གྱུར་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org