རྒྱལ་སྤྱིའི་ནང་པའི་མཁས་དབང་གི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་སྐྱོང་རྒྱུ།

༸གོང་ས་མཆོག་རྡོ་རྗེ་གདན་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ནང་པའི་མཁས་དབང་གི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ།

༸གོང་ས་མཆོག་རྡོ་རྗེ་གདན་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་ནང་པའི་མཁས་དབང་གི་བགྲོ་གླེང་གི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱང་རྒྱུ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན། པ་སངས་ཚེ་རིང་།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་Thailand ཡི་Watpa དགོན་པ་དང་།  དགའ་ལྡན་ཕོ་བྲང་ཡིག་ཚང་།  ལྦ་ར་ཎ་སི་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཐུན་མོང་གིས་གོ་སྒྲིག་འོག། ཕྱི་ཟླ་༡༢ པའི་ཚེས་༢༢་དང་༢༣ ཉིན་གྲངས་གཉིས་རིང་གནས་མཆོག་རྡ་རྗེ་གདན་དུ་ཡོད་པའི་ཐཡེ་ལེནཌ་གྱི་ཝཊ་པ་དགོན་པའི་ནང་རྒྱལ་སྤྱིའི་ནང་པའི་མཁས་པའི་བགྲོ་གླེང་ཞིག་བསྐོང་ཚོགས་གནང་གི་

ཡོད་ཅིང་། བགྲོ་གླེང་ཚོགས་འདུ་དེ་ནི་༢༠༡༨ ཕྱི་ཟླ་༡ཚེས་༢༥ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་Thailand ཡི་Watpa དགོན་པ་གསར་བཞེངས་དབུ་འབྱེད་མཛད་སྐབས་དགོན་པ་དེའི་མཁན་པོར་མ་འོངས་གནས་བརྟན་སྡེ་པ་དང་།  ཐེག་པ་ཆེན་པོ་གཉིས་ཐོུང་གིས་ནང་པའི་མཁས་པའི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་སྐོར་བཀའ་ཕེབས་དོན་བཞིན་ད་རེས་གོ་སྒྲིག་ཞུས་པ་ཞིག་ཡིན་འདུག

བགྲོ་གླེང་གི་འདུ་འཛོམས་དེའི་ཐོག་རྒྱ་གར་ནང་ཡོད་པའི་བོད་པའི་ཆོས་བརྒྱུད་ཁག་གི་མཁས་དབང་ཁག་དང་། ལྷོ་ཤར་ཨེ་ཤེ་ཡའི་ཁུལ་གྱི་ཡུལ་གྲུ་ཁག་འདྲ་མིན་ནས་གནས་བརྟན་སྡེ་པ་དང་ཐེག་པ་ཆེན་པོའི་མཁས་དབང་མང་པོ་ཞིག་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ཅིང་། ཐོག་མའི་འཆར་གཞི་བྱས་ན་བརྗོད་གཞི་ནི་འདུལ་བ་གཙོ་བོའི་ཐོག་ནས་བགྲོ་གླེང་གནང་རྒྱུ་ཡིན་ན་ཡང་།  Thailand ཡི་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་ནས་དོན་གཉེར་ཆེན་པོས་མཉམ་ཞུགས་གནང་རྒྱུའི་མདུན་པ་ཡོད་པར་བརྟེན་ནས་སྡེ་སྣོད་གསུམ་གའི་ཐོག་བགྲོ་གླེང་གནང་རྒྱུ་ཡིན་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org