༧གོང་ས་མཆོག་གིས་རྡོ་རྗེ་གདན་དུ་གསུང་ཆོས་སྩལ་རྒྱུ།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༡པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་གསུང་ཆོས་བཀྲིན་ཆེ་གནང་མཛད་ཀྱི་འདུག

༸གོང་ས་མཆོག་༢༠༡༦ཟླ་༡༢པའི་ནང་རྡོ་རྗེ་གདན་དུ་ཆིབས་བསྒྱུར་གནང་སྐབས། དབུས་བོད་མིའི་སྒྲིག་འཛུགས།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡ནང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོ།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་བཅས་ཀྱི་བཀའ་ཆོས་སྩལ་རྒྱུ་ཡིན་སྐོར་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་ནང་གསལ་བསྒྲགས་སྤེལ་གནང་བཞག
གསལ་བསྒྲགས་ལྟར་ན།    སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༡པོའི་ཚེས་ ༥ ནས་ ༧བར་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མདོ་དང་སཱ་ལུ་ལྗང་པའི་རྟེན་འབྲེལ་གྱི་མདོའི་བཀའ་ཆོས་སྩལ་གནང་མཛད་རྒྱུ་དང་། ཕྱི་ཚེས་ ༡༤ ནས་ ༡༦བར་ཉིན་གྲངས་གསུམ་རིང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་དང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཆོས་བཀའ་དྲིན་ཆེ་གནང་མཛད་རྒྱུའི་མཛད་འཆར་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org