༧གོང་ས་མཆོག་ནས་ལ་དྭགས་ཞི་བའི་ཚལ་དུ་སྤྱོད་འཇུག་གི་གསུང་ཆོས་བསྩལ་རྒྱུ།


2018.07.28
༧གོང་ས་མཆོག་ནས་ལ་དྭགས་ཞི་བའི་ཚལ་དུ་སྤྱོད་འཇུག་གི་གསུང་ཆོས་བསྩལ་རྒྱུ། ༢༠༡༨།༧།༢༢།༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཟངས་དཀར་དུ་མི་དམངས་ལ་གསུང་ཆོས་བསྩལ་གནང་མཛད་བཞིན་པ།
དགའ་ལྡན་ཕོ་བྲང༌།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་བ་འདིའི་ཚེས་  ༣༠ ནས་ ཕྱི་ཟླ་ ༨ པའི་ཚེས་ ༡ བར་ ལ་དྭགས་སླེའི་ནང་གི་མཆོག་ལམ་སར་གྱི་ཉེ་འདབ་སུ་རྟེན་གཞི་བྱས་པའི་ཞི་བའི་ཚལ་གྱི་ཆོས་རའི་ནང་དད་ལྡན་ཆོས་ཞུ་བ་རྣམས་ལ་གསུང་ཆོས་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།
གསུང་ཆོས་དེ་དག་བོད་སྐད་ཙམ་མ་ཡིན་པར་དབྱིན་སྐད་དང་རྒྱ་སྐད་ཐོག་ལའང་དྲ་རྒྱའི་ཐོག་ཐད་ཀར་གསན་གནང་ཐུབ་པའི་མཐུན་རྐྱེན་བསྐྲུན་རྒྱུ་ཡིན་པ་རེད།
དེ་རྗེས་ ཕྱི་ཟླ་ ༩ པའི་ཚེས་ ༤ ནས་ ཚེས་ ༧ བར། བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཨིན་ཌོ་ནི་ཤིཡ་དང༌། མཱ་ལེ་ཤི་ཡ། སིངྷ་པོར། ཝེཏ་ནམ་བཅས་ནས་དད་ལྡན་ཆོས་ཞུ་བ་ཚོས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་བུ་དྷ་པཱ་ལི་ཏའི་གསུང་ཆོས་བསྩལ་གནང་མཛད་རྒྱུ་དང༌།  ཕྱི་ཟླ་ ༩ པའི་ཚེས་ ༡༢ ཉིན་༧གོང་ས་མཆོག་གིས་ སུཡི་ཌེན( Sweden) གྱི་གྲོང་ཁྱེར་མཱལ་མོ(Malmo) ཞེས་པའི་ནང་མི་མང་ཚོར་བདེ་སྐྱིད་ཀྱི་ཐབས་དང་ཞི་བདེ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་བསྩལ་རྒྱུ་དང་།  ཕྱི་ཟླ་ ༩ པའི་ ཚེས་༡༦ ཉིན་ ནེ་དར་ལེན་ཌ་(Netherland)འི་གྲོང་ཁྱེར་ རོ་ཊར་ཌེམ(Rotterdam) ནང་། དེང་དུས་ཀྱི་འཛམ་གླིང་ནང་བྱམས་སྙིང་རྗེ་དགོས་གལ་ཆེ་བའི་སྐོར་མི་མང་ལ་བཀའ་སློབ་གནང་རྒྱུ་སོགས་༧གོང་ས་མཆོག་གིས་མུ་མཐུད་དེ་ཕྱི་ཟླ་ ༩ པའི་ཚེས་ ༢༣ བར་ ཡོ་རོབ་ཀྱི་རྒྱལ་ཁབ་འཇར་མ་ནི་( Germany) དང་ སུད་སི(Switzerland) བཅས་ནང་མང་ཚོགས་ལ་བཀའ་སློན་ལམ་སྟོན་བསྩལ་གནང་མཛད་རྒྱུ་ཡིན་པ་རེད།།
གསར་འགོད་པ་སྤྱི་ཁྱབ་བཀོད་འདོམ་པ་འབེན་པ་སྟོབས་རྒྱལ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎