དྲང་ཚུགས་ལྡན་པའི་བཞེངས་ཕྱོགས་ལ་བསྔགས་བརྗོད།

༸གོང་ས་མཆོག་ནས་ལིའུ་ཞའོ་པོའོ་དམ་པ་དེ་ཉིད་ཀྱི་མང་གཙོའི་ལྟ་གྲུབ་ཐད་དྲང་ཚུགས་ལྡན་པའི་བཞེངས་ཕྱོགས་ལ་བསྔགས་བརྗོད་མཛད་འདུག

༸གོང་ས་མཆོག་ནས་ལིའུ་ཞའོ་པོའོ་དམ་པ་དེ་ཉིད་ཀྱི་མང་གཙོའི་ལྟ་གྲུབ་ཐད་དྲང་ཚུགས་ལྡན་པའི་བཞེངས་ཕྱོགས་ལ་བསྔགས་བརྗོད་མཛད་འདུག

༄༅།    །ཕྱི་ཟླ་༡༠ཚེས་༡༩་རེས་གཟའ་ཕུར་བུའི་ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་ཨ་རིའི་རྒྱལ་ཡོངས་ཡི་ཤུའི་ལྷ་ཁང་དུ་རྒྱ་ནག་གི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལིའུ་ཞའོ་པོའོ་འདས་གྲོངས་ཕྱིན་ནས་དུས་ཡུན་ཉི་མ་བརྒྱ་འཁོར་བའི་དྲན་གསོའི་ཉིན་མོར་དམ་པ་ཁོང་དང་ཁོང་གི་སྐུ་ཟླ་ལུའུ་ཞྭ་གཉིས་ཀྱི་སྐུ་ཚེའི་ལོ་རྒྱུས།    དེ་བཞིན་ཁོང་གཉིས་ཀྱི་མཛད་རྗེས་ལ་རྗེས་དྲན་གྱི་མཛད་སྒོ་ཞིག་ཚོགས་གནང་འདུག ལིའུ་ཞའོ་པོའོ་དམ་པ་ཁོང་དང་ཁོང་གི་སྐུ་ཟླ་གཉིས་ཀྱི་རྗེས་དྲན་མཛད་སྒོ་དེར་ཆེད་མངགས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བརྙན་འཕྲིན་བརྒྱུད་དེ་གསུང་འཕྲིན་ཞིག་ཀྱང་བསྩལ་གནང་མཛད་ཡོད་པ་རེད།    དེའི་ནང་གཙོ་བོ་ལིའུ་ཞའོ་པོའོ་ཡི་རྗེས་འཛིན་པ་རྣམས་ཀྱིས་ཁོང་གི་ལྟ་གྲུབ་འཛིན་སྐྱོང་དར་སྤེལ་བྱེད་དགོས་པ་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལིའུ་ཞའོ་པོའོ་དམ་པ་དེ་ཉིད་ལ་ཐུགས་སྨོན་བསྩལ་གནང་ནས། ཁོང་གི་མང་གཙོའི་ལྟ་གྲུབ་ཐད་དྲང་ཚུགས་ལྡན་པའི་བཞེངས་ཕྱོགས་ལ་བསྔགས་བརྗོད་ཀྱང་མཛད་ཡོད་པ་རེད། ༸མགོན་པོ་གང་ཉིད་ནས་གསུང་འཕྲིན་དེའི་ནང་ད་དུང་།    ད་ལྟ་ཁོང་གསོན་པར་འཚོ་བཞུགས་མེད་ཀྱང་ཁོང་གི་རྣམ་ཤེས་ང་ཚོའི་མཉམ་དུ་ཡོད་ལ། མུ་མཐུད་གནས་རྒྱུ་དང་། ཁོང་གི་ལྟ་གྲུབ་དེ་དག་མུ་མཐུད་ལག་བསྟར་བྱ་རྒྱུ་ནི་ང་ཚོའི་འོས་འགན་ཡིན་པ་བཀའ་སློབ་བསྩལ་གནང་འདུག སྐུ་ཞབས་ལིའུ་ཞའོ་པོའོ་དང་ཁོང་གི་སྐུ་ཟླ་ལའི་ཞྭ་ཡི་རྗེས་དྲན་གྱི་མཛད་སྒོ་དེར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་ཚོགས་གཙོ་མཆོག་དང་། ནོ་སྤེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡུག་སྦྱོང་འགོག་ཐབས་ཐོག་དམིགས་བསལ་སྐུ་ཚབ་གནང་མྱོང་མཁན། རྒྱ་ནག་གི་མཁས་དབང་།    ད་དུང་རྒྱལ་ས་ཝ་ཤིང་ཊོན་དུ་བཅའ་བཞུགས་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་ལགས་སོགས་མཛད་སྒོ་དེར་ཕེབས་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org