ཆོས་ལུགས་མི་འདྲ་བ་ཚང་མར་སློབ་སྦྱོང་བྱེད་ན་ཕན་ཐོགས་ཆེན་པོ་ཡོད།

ཆོས་ལུགས་རིས་མེད་ཀྱི་དད་ལྡན་མང་ཚོགས་ལ་ཆོས་ལུགས་མི་འདྲ་བ་ཚང་མ་ཕན་ཚུན་གུས་བརྩི་དང་སློབ་སྦྱོང་བྱེད་དགོས་པའི་བཀའ་ཕེབས།

༸གོང་ས་མཆོག་ནས་གནས་མཆོད་རྡོ་རྗེ་གདན་དུ་ཆོས་འབྲེལ་སྩལ་སྐབས། ༢༠༡༨།༡༢།༢༥ དགའ་ལྡན་ཕོ་བྲང་།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཆོས་ལུགས་རིས་མེད་ཀྱི་དད་ལྡན་མང་ཚོགས་ལ་ཆོས་ལུགས་མི་འདྲ་བ་ཚང་མ་ཕན་ཚུན་གུས་བརྩི་དང་སློབ་སྦྱོང་བྱེད་རྒྱུ་དེ་ཡིས་ཚང་མར་ཕན་ཐོགས་ཡོད་པའི་བཀའ་སྩལ་གནང་ཡོད་པ་རེད།

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་༡༢ཚེས་༢༤ ནས་གནས་མཆོག་རྡོ་རྗེ་གདན་དུ་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས་དབུ་བཙུགས་མཛད་ཡོད་པ་ལྟར་ཕྱི་ཚེས་༢༥ སྟེ་ཉིན་གཉིས་པའི་སྔ་དྲོའི་བཀའ་ཆོས་སྐབས། འཛམ་གླིང་ནང་གི་ཆོས་ལུགས་ཆེ་ཁག་དཔེར་ན་ཡེ་ཤུ་དང་།   ཁ་ཆེ། འཇིའུ།       ཧིན་རྡུ། ནང་པ། ཇན། ཏའུ་སོགས་ཚང་མའི་ནང་འགྲོ་བ་མི་ལ་ཕན་ཐོགས་བྱ་རྒྱུ་ཡོད་པར་བརྟེན། ཆོས་ལུགས་ཕན་ཚུན་བརྗེ་ལེན་དང་སློབ་སྦྱོང་བྱེད་ཐུབ་པ་ཡིན་ཚེ་དེའི་ཐོག་ནས་ཚང་མས་གནས་ཚུལ་གསར་པ་ཤེས་ཐུབ་པའི་ཕན་ཐོགས་ཡོད་ཅིང་། དེ་ནི་ཆོས་ལུགས་མི་འདྲ་བ་སོ་སོའི་ནང་གཙོ་བོ་སེམས་ལ་བདེ་སྐྱིད་སྐྲུན་ཐབས་སོགས་ནང་སེམས་ཡར་རྒྱས་གཏོང་ཐབས་ཀྱི་ཆེད་དུ་ཉམས་ལེན་བྱེད་ཀྱི་ཡོད་པ་རེད།        དེར་བརྟེན་ཆོས་ལུགས་ལ་འགྲོ་བ་མི་ཚང་མ་ཆམ་མཐུན་དང་མཉམ་གནས་བཟོ་ཐུབ་པའི་དམིགས་བསལ་གྱི་ནུས་པ་ལྡན་ཡོད་པ་དེ་ཆོས་ལུགས་མི་འདྲ་བ་རྣམས་ཕན་ཚུན་སློབ་སྦྱོང་དང་གནས་ཚུལ་བརྗེ་ལེན་བྱེད་པའི་བྱ་བ་དེའི་ཐོག་ནས་རང་རང་སོ་སོའི་ཆོས་ལུགས་ཉམས་ལེན་ཡང་གཞི་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་གཏོང་ཐུབ་རྒྱུར་ཕན་ཐོགས་ཡོད་པ་རེད། ལྷག་དོན་ནང་པ་ཚོས་ཡེ་ཤུའི་ཆོས་ལུགས་པ་ཚོས་སྤྱི་ཚོགས་ནང་རོགས་ཕན་གྱི་ཞབས་ཞུ་གྲུབ་པ་དང་སྤྱི་ཚོགས་ནང་ཕན་ཐོགས་ཀྱི་ཕྱག་ལས་གནང་བཞིན་པ་དེ་ཚོར་སློབ་སྦྱོང་བྱ་དགོས་པ་དང་། ཁྱེད་ཚོའི་འགྲན་ཟླ་བྲལ་བའི་སྤྱི་ཚོགས་ཀྱི་ཞབས་ཞུའི་ཕྱག་ལས་ནི་མིག་དཔེ་བལྟ་ཡུལ་ཞིག་ཡིན་པ་ངོས་འཛིན་གནང་གི་ཡོད་པའི་བཀའ་གནང་ཡོད་པ་རེད།

གནས་མཆོག་རྡོ་རྗེ་གདན་དུ་བོད་མི་དང་ཧི་མ་ལ་ཡའི་རི་བརྒྱུད། ཕྱི་རྒྱལ་བ་སོགས་རྒྱལ་ཁབ་ཁག་༧༠ དོན་གྲངས་ནས་ད་བར་ཐོ་འགོད་བྱུང་བར་ཁྱོན་སྐྱ་སེར་མི་གྲངས་ཆིག་ཁྲི་བཞི་སྟོང་ལྷག་གསུང་ཆོས་སུ་བཅར་ཡོད་པའི་གནས་ཚུལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org