བོད་ཀྱི་གནད་དོན་དེ་འཛམ་གླིང་ནང་ཐག་གཅོད་མ་ཐུབ་པའི་རྩོད་རྙོག་རྙིང་ཤོས་གྲས་ཤིག་ཡིན།
༸གོང་ས་མཆོག་གིས་སྲིད་དབང་གཅིག་བསྡུས་ཀྱི་ལམ་ལུགས་ལ་མ་འོངས་འདུན་ལམ་གང་ཡང་མེད་པ་བཀའ་གནང་འདུག
-
2018-12-13 -
-
-
Your browser doesn’t support HTML5 audio
བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཚེས་༡༣་ཉིན་རྒྱ་གར་གྱི་ཚོང་ལས་གྲོང་ཁྱེར་ཆེན་པོ་Mumbia(མུམ་བྷེ་ཡའི་) ནང་རྟེན་གཞི་བྱས་པའི་གུ་རུ་ནཱ་ནཀ་ Guru Nanak མཐོ་སློབ་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཆིབས་བསྒྱུར་གྱིས། དགེ་ལས་སློབ་ཕྲུག་རྣམས་ལ་ཆོས་ལུགས་མཐུན་སྒྲིལ་དང་། རྒྱ་གར་གྱི་འཚེ་བ་མེད་པའི་གནའ་བོའི་གུ་ཡངས་ཀྱི་རིག་གཞུང་རྩ་ཆེ་དེའི་རིན་ཐང་བཅས་ཀྱི་སྐོར་བཀའ་སློབ་ཟབ་རྒྱས་ཤིག་གནང་ཡོད་པ་རེད།
སྐབས་དེར་༧གོང་ས་མཆོག་ལ་བོད་ཀྱི་གནད་དོན་སྐོར་བཀའ་འདྲི་ཞུ་མཁན་བྱུང་བའི་བཀའ་ལན་དུ། ༧གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་སྲིད་དབང་གཅིག་བསྡུས་ཀྱི་ལམ་ལུགས་རྒྱུན་གནས་ཐུབ་ཐབས་ལ་གང་ཐུབ་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། སྲིད་དབང་གཅིག་བསྡུས་ཀྱི་ལམ་ལུགས་ལ་མ་འོངས་འདུན་ལམ་གང་ཡང་མེད་པ་བཀའ་གནང་ཡོད་པ་རེད།
༧གོང་ས་མཆོག་གིས་བོད་ཀྱི་གནད་དོན་དེ་ནི། དེང་འཛམ་གླིང་ནང་ཐག་གཅོད་མ་ཐུབ་པའི་རྩོད་རྙོག་རྙིང་ཤོས་གྲས་ཤིག་ཡིན་པ་དེ་ལྟར་ཡང་། རྒྱ་ནག་ནང་མང་ཚོགས་ཀྱི་བསམ་བློར་འགྱུར་བ་འགྲོ་ཡི་ཡོད་པ་དང་། རྒྱ་ནག་གཞུང་གི་དཔོན་རིགས་དང་ཚོང་པ་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུ་བཞིན་ཡོད་པ་དང་། རྒྱ་ནག་ནང་། ནང་ཆོས་ལ་དད་པ་བྱེད་མཁན་ས་ཡ་༤༠༠ཙམ་ཡོད་པས། དེ་རྣམས་ཀྱིས་བོད་བརྒྱུད་ནང་ཆོས་དེ་རིན་ཐང་ཆེན་པོ་མཐོང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།