ཤིན་ཅང་ནང་དྲག་པོའི་དོན་རྐྱེན་གཅིག་མཇུག་གཉིས་མཐུད།

ཤིན་ཅང་ནང་མི་གཉིས་ཀྱིས་མི་ཚོགས་དཀྱིལ་དུ་མོ་ཊ་བཏང་སྟེ་མི་བརྒྱད་བསད་པ་བཅས་དྲག་པོའི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱུང་བ།

༄༅༎ཤིན་ཅང་ནང་བདུན་ཕྲག་འདིའི་མཇུག་ཏུ་འབར་རྫས་ཀྱི་གཏོར་རྒོལ་ཐེངས་གཉིས་ཐོན་པའི་ནང་རྒྱ་མིའི་ཉེན་རྟོག་པ་གཅིག་གཙོས་པའི་མི་གསུམ་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་བྱུང་མ་ཐག་ མི་གཉིས་ཀྱིས་མི་ཚོགས་དཀྱིལ་དུ་མོ་ཊ་བཏང་སྟེ་ མི་བརྒྱད་བསད་པ་བཅས་དྲག་པོའི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱུང་ཡོད་པ་རེད་

ཁེ་ས་གཟའ་ཉི་མའི་ཉིན་རོཡེཊར་གསར་འགྱུར་ལས་ཁང་གིས་སྤེལ་བའི་གནས་ཚུལ་ནང༌གཟའ་སྤེན་པའི་ཉིན་ལག་པར་གྲི་ཐོག་པའི་མི་གཉིས་ཀྱིས་ཏ་ཇི་ཀི་སི་ཏན་དང་ས་འབྲེལ་ས་མཚམས་ཡིན་པའི་ཤིན་ཅང་གི་གྲོང་ཁྱེར་ཀཤི་གར་ནང་དོ་འོར་འདྲེན་གྱི་མོ་ཊ་ཆེ་བ་གཏོང་མཁན་གྱི་ཁ་ལོ་བར་རྒོལ་རྡུང་བཏང་སྟེ་ མོ་ཊ་བཙན་འཕྲོག་བྱས་པ་དང་དེའི་རྗེས་སུ་ མི་ཚོགས་དཀྱིལ་དུ་མོ་ཊ་བཏང་སྟེ་ མི་བརྒྱད་ས་ཆ་དེ་གར་རྐྱེན་ལམ་དུ་བཏང་བ་དང་ དེ་སྐབས་རྒོལ་རྡུང་གཏོང་མཁན་གྱི་མི་གཅིག་ཡང་རྐྱེན་འདས་སུ་ཕྱིན་ཡོད་པ་རེད་ བཙན་བྱོལ་དུ་ཡོད་པའི་ཡུ་གུར་ཚོགས་པས་གསུང་ན་ གྲོང་ཁྱེར་ཀཤི་གར་ནང་དོན་རྐྱེན་དེ་བྱུང་མ་ཐག་རྒྱ་ནག་གཞུང་གིས་གྲོང་ཁྱེར་དེའི་ཐོག་དམག་ཁྲིམས་བཀག་བསྡོམས་བྱས་ཟིན་པ་དང་ཉུང་མཐར་ཡང་མི་གྲངས་༡༠༠ལྷག་འཛིན་བཟུང་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org