དགེ་རྒན་ཚོར་སློབ་ཁྲིད་གནང་སྟངས་ཟབ་སྦྱོང་གནང་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཚོར་སློབ་འཁྲིད་སྦྱོང་བརྡར་སྤྲད་གནང་ཡོད་འདུག

ལྡི་ལིར་དགེ་རྒན་ཚོར་སློབ་ཁྲིད་གནང་སྟངས་ཟབ་སྦྱོང་གནང་སྐབས། ༢༠༡༦།༡༠།༣༡ tibet.net

དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཚོར་སློབ་འཁྲིད་སྦྱོང་བརྡར་སྤྲད་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་བཅུ་པའི་ཚེས་༢༨་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༡་བར་གྱི་ཉིན་གྲངས་ལྔའི་རིང་། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སམ་བྷོ་ཊ་སློིབ་གྲྭ་དང་། རྡ་ས་བོད་ཕྲུག་ཁྱིམ་སྡེའི་ཁོངས་གཏོགས་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཉི་ཤུ་རྩ་གཉིས་ལ་ལྡི་ལིར་སློབ་འཁྲིད་གནང་སྟངས་ཀྱི་ཟབ་སྦྱོང་གོ་སྒྲིག་གནང་ཡོད་འདུག ཐེངས་འདིའི་ཟབ་སྦྱོང་ནང་གཙོ་བོ་ཕྲུ་གུ་ཆུང་དུས་ནས་དེབ་ཀློག་རྒྱུར་གོམས་གཤིས་འཇག་ཐབས་སུ་སློབ་འཁྲིད་བྱེད་ཕྱོགས་དང་། དམིགས་བསལ་ཕྲུ་གུ་ཆུང་དུས་ནས་སློབ་སྦྱོང་ཁྲིད་པའི་སྐབས་ཐད་ཀར་དེབ་ཀློག་རྒྱུ་དང་། འབྲི་རྒྱུ་གཅིག་པུའི་ལམ་ནས་མ་ཡིན་པར་སྒྲུང་བཤད་པ་ལྟབུ་དང་། སྙན་ངག་རྩོམ་བྲིས་དེ་བཞིན་གཞས་བཏང་བ་སོགས་ཀྱི་ལམ་ནས་སློིབ་སྦྱོང་ལ་དོ་སྣང་སླེབས་འཇུག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་གང་ལྟར་ཐབས་ལམ་འདྲ་མིན་གྱི་ལམ་ནས་དེབ་འབྲི་ཀློག་ལ་དོ་སྣང་ཆུང་ངུའི་དུས་ནས་སླེབས་ཐབས་བཟོ་རྒྱུའི་ཟབ་སྦྱོང་གནང་ཡོད་འདུག་ལ་མཉམ་ཞུགས་གནང་མཁན་གྱི་དགེ་རྒན་ཚོས་ཀྱང་དོ་སྣང་ཆེན་པོས་ཉིན་གྲངས་ལྔའི་ཟབ་སྦྱོང་རིང་སོ་སོའི་མྱོང་ཚོར་གོ་བསྡུར་དང་དཔྱད་ཞིབ་སོགས་གནང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་འདི་ལྟབུའི་ཟབ་སྦྱོང་ཐེངསའགའ་ཤས་གོ་སྒྲིག་ཞུས་ནས་ད་བར་སློབ་དགེ་ལྔ་བརྒྱ་ཙམ་ལ་ཟབ་སྦྱོང་གནང་ཟིན་ཡོད་པ་དང་། ལོ་རྗེས་མའི་ཕྱི་ཟླ་དགུ་པའི་ནང་སླར་ཡང་དགེ་རྒན་བརྒྱད་ཅུ་ཙམ་ལ་ཟབ་སྦྱོང་གནང་རྒྱུ་ཡིན་འདུག ད་རེས་ཟབ་སྦྱོང་གནང་མཁན་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཁག་ཅིག་ཡིན་འདུག།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org