ཕྱི་དྲིལ་བཀའ་བློན་ནས་ཡོ་རོབ་དཔོན་རིགས་དང་མཇལ་མོལ་གནང་།

ཕྱི་དྲིལ་བཀའ་བློན་མཆོག་གིས་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་ཚོགས་གཙོ་མཆོག་དང་མཇལ་མོལ་གནང་འདུག

སྐུ་ཞབས་Henri Malosse མཆོག་དང་ཕྱི་དྲིལ་བཀའ་བློན་མཆོག དབུས་བོད་མིའི་སྒྲིག་འཛུགས།

༄༅།    །དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་མཆོག་གིས་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་ཚོགས་གཙོ་མཆོག་དང་མཇལ་མོལ་གནང་འདུག            དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ནང་གནས་ཚུལ་བཀོད་པར་གཞིགས་ན།    དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ European Economic and Social Committee (EESC) ཞེས་པའི་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་ཚོགས་གཙོ་ Henri Malosse  མཆོག་ཕྱི་ཚེས་ ༢༦ ཉིན་མཇལ་འཕྲད་གནང་ཡོད་པ་རེད།    སྐབས་དེར་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་ཚོགས་གཙོ་སྐུ་ཞབས་  Malosse  མཆོག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐོག་བློ་འཚབ་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་ཤུགས་ཆེ་སྟོན་གནང་བ་དང་།    རྒྱ་ནག་གཞུང་ནས་དབུས་བོད་མའི་སྒྲིག་འཛུགས་དང་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་རྒྱུ་ཧ་ཅང་གི་གལ་གནད་ཆེན་པོ་ཆགས་སྐོར་གསུང་ཡོད་པ་རེད།    ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཡོ་རོབ་སྤྱི་མཐུན་ངོས་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུར་དོན་དམ་གྱི་རོགས་རམ་གནང་སྐྱོང་ཡོང་བའི་འབོད་བསྐུལ་ཞུས་གནང་ཡོད་པ་རེད།           སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་ཡོ་རོབ་དཔལ་འབྱོར་དང་སྤྱི་ཚོགས་བདེ་དོན་ལྷན་ཁང་གི་ཚོགས་མི་ལྕམ་ Anne-Marie Sigmund མཆོག་དང་ Beatrice Quin  མཆོག        དེ་བཞིན་སྐུ་ཞབས་  Thomas Johnson མཆོག་བཅས་དང་མཇལ་འཕྲད་གནང་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org